R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༦
[A:༢༢༦]འང༌། སྨན་སྦྱོར། རྟེན་འབྲེལ་བྱིན་རླབས་ཀྱི་སྒོ་ནས་ཕན་ཐོགས་མཛད། རྒྱལ་པོའི་ཆད་པས་འཇིགས་པའི་ནག་ཅན་མང་པོའི་ལུས་སྲོག་སྐྱབས་པའི་ཞུ་ངོ་མང་དུ་མཛད། ལ་ར་ཞོ་ང་གཉིས་ལ་སེང་གེ་རྩེར་ཁྲལ་འཆག་གི་རྒྱུ་མཚན་ཕུལ་ནས་ལོ་གྲངས་མང་པོའི་བར་དུ་དེ་དག་གིས་སྐུངས་མྱུལ་བྱས་ག་ར་གཞུང་ལ་འགྲོ་བའི་མགྲོན་པོ་རྣམས་ཆོམས་རྐུན་ཨར་ཇག་གི་འཇིགས་པ་ལས་གྲོལ་བ་སོགས་རྣམ་པར་དཀར་བའི་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །མཐུ་སྟོབས་དབང་ཕྱུག་ཞལ་གྱི་བདུད་རྩིའི་རྒྱུན། །ཕྱི་ནང་གསང་བའི་རྟེན་འབྲེལ་སྒྱུ་འཕྲུལ་གྱིས། །སྐལ་བཟང་མང་པོའི་ཏིང་འཛིན་སྒོ་བརྒྱ་ཕྱེ། །རྩ་རླུང་གེགས་ཀྱི་མདུད་པ་མ་ལུས་བགྲོལ། །རྗེ་བཙུན་བླ་མའི་བཀའ་ཡི་བསྔགས་པ་བརྗོད། །གསུང་ངག་ཟབ་མོའི་ཆེ་བ་ཕྱོགས་བརྒྱར་བསྒྲགས། །རྣལ་འབྱོར་དབང་ཕྱུག་པདྨའི་ངང་ཚུལ་དང༌། །དམ་པ་ཁྱེད་ཀྱི་རྣམ་ཐར་འགྲན་པ་བཞིན། །ཁྱོད་ཐུགས་ཡེ་ཤེས་མཐུ་སྟོབས་གཟི་བྱིན་གྱིས། །སྲིད་གསུམ་འབྱུང་པོ་མ་ལུས་གདུག་པའི་སེམས། །བཏང་ནས་ཞབས་ཀྱི་པདྨར་གུས་བཏུད་དེ། །བཀའ་ཡི་སྤྲིངས་ཡིག་གཙུག་གིས་མཆོད་པ་ན། །ཁ་བ་ཅན་གྱི་ཉམ་ཐག་འགྲོ་རྣམས་ཀྱི། །མགོན་དུ་འདི་ཉིད་འོས་ཞེས་རབ་དགོངས་ནས། །པདྨ་འབྱུང་གནས་རྔ་ཡབ་དཔལ་རིའི་རྩེར། །ཉི་གཞོན་མདངས་ལ་ཆིབས་ནས་ཡུད་ཀྱིས་བཞུད། །རབ་དཀར་དགའ་ཚལ་ར་བ་ན། །དཔལ་ལྡན་ལྷ་དབང་དམ་པ་གང༌། །སྐལ་བཟང་མཁར་ཉལ་མཐའ་དག་ལ། །རྣམ་མང་ཟབ་ཡངས་ཐར་ལམ་སྩལ། །མཁྱེན་བརྩེ་ཡེ་ཤེས་རྩེར་འཛེགས་ཏེ། །བདེ་ཆེན་དགེ་ལེགས་སྟེར་བྱེད་དེས། །དེ་རིང་སྙིང་གི་དཀྱིལ་འདིར་ནི། །སིདྡྷི་བྱིན་