R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༠༤
[A:༢༠༤]པས། མགོན་པོའི་སྒོ་ནས་བཟློག་པ་ཞིག་ཅིས་ཀྱང་མཛད་དགོས་ཞེས་ནན་གྱིས་གསུང་པ་ལ་བརྟེན། མགོན་པོའི་མདོས་གཏོར་སྦྲགས་མ་ཞིག་ཞག་འགའ་བསྒྲུབས་ནས་མཐར་འཕེན་པ་ལ་ཕྱོགས་པ་ན། ཕྱོགས་དེའི་ཆོས་སྡེའི་གྲྭ་པ་སོགས་འགས་ཇི་ལྟར་བྱེད་དམ་ཟེར་ཅོ་འདྲི་བའི་རྣམ་པར་ལྟད་མོ་ལ་བྱུང་བའི་ཚེ། མདོས་ལ་རྗེ་ཉིད་ཀྱི་ཕྱག་རེག་པ་ཙམ་གྱིས་དེའི་ཁྲོད་ནས་མི་ཕྲུ་བ་འབྲིང་ཙམ་ཞིག་ནར་གྱིས་ཆད་ནས་མཐར་ཕྱར་བ་ཆེན་པོར་ཙམ་དུ་སོང་ནས་སྟོད་ཕྱོགས་ལ་སོང་བ་དང༌། དཔལ་མགོན་ཆེན་པོའི་གཏོར་མ་ས་ཤིན་ཏུ་འཁྲེགས་པ་ལ་ཕྱེད་ནུབ་ཙམ་དུ་ཐིམ་སོང་བས། དེར་ཚོགས་ཐམས་ཅད་འཇིགས་སྐྲག་ཞུམ་ཞིང་ཧ་ལས་ཁོ་སྔགས་རྒོད་བགྲངས་པའི་ནུས་པ་ཡོད་པ་ཞིག་ཡིན་པ་འདུག་ཟེར་ཞིང་ལོག །བདག་མོའང་དགའ་མགུ་ཡི་རངས་ཏེ་རྗེས་སུ་སྦྱིན་བདག་གི་མཐིལ་མཛད་པ་འདི་བྱུང༌། དེ་ནས་ཞག་འགའ་ནས་བྱད་མ་དེའང་དག་པའི་ཞིང་དུ་སོང་བའི་གཏམ་བྱུང་ནས་རྗེ་ཉིད་ཀྱིས་རྗེས་སུ་འཛིན་པར་མཛད་པ་ཡིན་ནོ། །ཡང་མངོན་སྤྱོད་ཁོ་ནས་འདུལ་བར་འོས་པ་མི་བསྐྱོད་རྡོ་རྗེའི་སར་རིངས་པར་ཆས་པའི་སྐྱེ་བོ་མི་བསྲུན་པ་ཞིག་གིས། རྗེ་ཉིད་ལ་ངན་སྨྲས་གཤགས་འདེབས་སོགས་མི་འཚམ་པ་དུ་མ་བྱས་པའི་དུས། རྗེ་འདི་ཉིད་ནག་པོ་ཆེན་པོའི་་གསང་འཁྲིད་ཉམས་བཞེས་མཛད་པའི་ལས་སྦྱོར་གྱི་སྐབས་དང་འགྲིག་པ་བྱུང་བས། མ་རུངས་པ་དེ་ལ་ཐུགས་བརྩེ་བ་ཆེན་པོས་ཀུན་ནས་བླངས་ཏེ་ལས་སྦྱོར་གྱི་དམིགས་པ་ཐུན་གཅིག་གཏོང་བར་མཛད་པ་ན་གཟིགས་སྣང་དུ་མདུན་ཐམས་ཅད་གོས་ལྷབ་ལྷུབ་ནག་པོ་གྱོན་པ་འབའ་ཞིག་གིས་ཁེངས་ནས་གཞན་ཅི་ཡང་མི་གཟིགས་པ་ཞིག་བྱུང་གསུང༌། དེ་ནས་སྒྲུབ་བྱ་དེ་ཁྲག་བསྐྱུགས་ཏེ་ཞག་