R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༨༣
[A:༡༨༣]མངའ་བདག་མཁས་གྲུབ་ཆེན་པོ་དོན་ཡོད་དཔལ་བ། རྒྱལ་བའི་བསྟན་པ་རབ་འབྱམས་ལ་མཁྱེན་པའི་སྤྱན་ཡངས་པའི་པཎྜི་ཏ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས། མདོ་སྔགས་བསྟན་པའི་མངའ་བདག་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ །ཟབ་དོན་དུ་མའི་གཏེར་མཛོད་དྲིན་ཅན་བསོད་ནམས་དབང་ཕྱུག་པ། རྡོ་རྗེ་ཐེག་པའི་རྒྱུད་གཞུང་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་སྲད་པ་ཀུན་དགའ་བློ་གྲོས་པ་དང༌། ཡ་མ་ལག་པ་ཡེ་ཤེས་རྒྱལ་མཚན་པ་སྟེ་མཁས་པ་རྣམ་གཉིས་སུ་གྲགས་པ། རྡོ་རྗེ་འཆང་ཆེན་པོའི་གདན་ཁྲི་ལ་བཞུགས་པ་ཡོངས་འཛིན་དཀོན་ཅོག་འཕེལ། འཇམ་དབྱངས་སངས་རྒྱས་རིན་ཅེན་པ་སྟེ་རྣམ་པ་གཉིས། ཡ་མ་བདེ་ལྡན་རི་ཁྲོད་ཀྱི་གདན་ས་ལ་བཞུགས་ནས་བདེ་ཀྱེའི་སྙན་བརྒྱུད་སྨྲ་བ་ཆོས་རྗེ་ནམ་མཁའ་དཔལ་བཟང་པ། མཁས་པའི་དབང་པོ་རྐྱང་འདུར་རབ་འབྱམས་པ་དཀོན་ཅོག་ཚུལ་ཁྲིམས་པ་ལ་སོགས་པ་ངོར་ལུགས་ཀྱི་བརྒྱུད་འཛིན་དམ་པ་དེ་དག་དང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གདུང་བརྒྱུད་དྲི་མ་མེད་པ་མཐུ་སྟོབས་ཀྱི་དབང་ཕྱུག་བདག་ཆེན་ཞྭ་ལུ་བ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དང༌། བདག་ཆེན་ཆུ་མིག་པ་རྗེ་བཙུན་བློ་གྲོས་དབང་ཕྱུག་པ། འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། འཇམ་དབྱངས་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྟེ། གདུང་བརྒྱུད་ཞལ་ངོ་རྣམ་པ་བཞི། གཞན་ཡང་མཁས་ཤིང་གྲུབ་པའི་བདག་ཉིད་རོང་རི་ལུང་སྦུག་པ་རྒྱལ་བ་ཐུགས་རྗེ་དགུང་ལོ་བརྒྱ་དང་དྲུག་བཞེས་པ། གཙང་