R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༨༤
[A:༡༨༤]རོང་བྱམས་ཆེན་པ་མཁས་པའི་དབང་པོ་དཀར་ཤཱཀྱ་གྲགས། དཔལ་ཕྱག་ན་རྡོ་རྗེའི་གསང་སྔགས་ཀྱི་ནུས་པ་མཐར་ཕྱིན་པ་ཡར་ཀླུངས་དཔལ་འབར་བ་འདུས་པ་དང་པོ་ངག་དབང་དཔལ་ལྡན་བཟང་པོ། མཐུ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གྲ་ཐང་པ་མཚུངས་མེད་ཤེས་རབ་ཟླ་བ། སྙན་བརྒྱུད་རྒྱ་མཚོའི་བདག་ཉིད་ཞྭ་ལུ་བ་ནམ་མཁའ་རྒྱལ་མཚན། ཡར་ཀླུངས་སྤྲུལ་སྐུ་ལུང་པ་ཆོས་རྗེ་མི་གཡོ་བསམ་གཏན་དཔལ་བ། རྩེས་དང་དགེ་འཕེལ་བ་རིག་འཛིན་བསོད་ནམས་བློ་གྲོས། རྩེས་དང་སྨན་ཚུལ་ཁང་པ་བ་སློབ་དཔོན་བཀྲ་ཤིས་དར་བ་དགུང་ལོ་བརྒྱ་བཞེས་པ། མཁས་པའི་དབང་པོ་ཤར་དྭགས་པོའི་པཎྜི་ཏ་ཆེན་པོ་དོན་གྲུབ་རྒྱལ་མཚན། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཏའི་གུ་ཤྲི་བ། ཆོས་རྗེ་ལྷུན་གྲུབ་མཆོག་པ། སྨན་ལུང་ཆོས་རྗེ། ཐེལ་བྲག་གླེ་བ་མཁན་ཆེན་ལྷུན་སྡེ་རབ་འབྱམས་པ། སློབ་དཔོན་ཆེན་པོ་བསོད་རྒྱལ་པ། སློབ་དཔོན་བསོད་ནམས་རྒྱ་མཚོ་བ། སྡོ་སྟོན་བསོད་ནམས་བློ་གྲོས། སློབ་དཔོན་དཔལ་རིན་པ། བླ་མ་ཚུལ་ཁྲིམས་བཟང་པོ། རོང་སྟོན་ཐམས་ཅད་མཁྱེན་པའི་ཉེ་གནས་ཆེན་པོ་ནམ་མཁའ་དཔལ། སྤྱན་སྔ་བློ་རྒྱམ་པ། ཆོས་རྗེ་མཁས་བཙུན་པ། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན། ལྟེའུ་རི་པ་རིན་ཅེན་ཆོས་ཀྱི་རྒྱལ་པོ། མཁྱེན་རབ་ཀྱི་དབང་ཕྱུག་སྙུག་ལ་པཎ་ཆེན་ངག་དབང་གྲགས་པ། མཁན་ཆེན་དཀོན་ཅོག་དཔལ་བ། སློབ་དཔོན་ལྷ་བཙུན་པ་རྣམས་དང༌། བུ་སྟོན་ཐམས་ཅད་མཁྱེན་པའི་བརྒྱུད་འཛིན་མཁན་ཆེན་བཤེས་གཉེན་པ། ཆོས་རྗེ་དཀའ་བཞི་པ། དབང་ཕྱུག་དོན་ཡོད་པ་རྣམས་དང༌། ཆོས་ལུང་ཚོགས་ཆེན་པའི་མཁན་ཆེན་ཀུན་དགའ་བློ་གྲོས་པ། ཚོགས་ཆེན་མོའི་མཁན་ཆེན་འགྲོ་བཟང་སྙིང་པོ། མཁན་ཆེན་རྒྱལ་མཚན་པ། བྱེ་རྫིང་