R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 19b
[B:19b]རྡོར་དང་ཕུར་པ་ལ་མངའ་བརྙེས། ཞང་པོ་བོད་ཀྱི་གྱད་པ་ཟངས་དཀར་ལྕོག་རེའི་བརྒྱུད་ཡིན་པས་ལུས་རྩལ་ཤིན་ཏུ་ཆེ་བའི་ཞང་
[A:41]རིགས་སུ་འཁྲུངས་ནས། སྐུ་རྩལ་ཤིན་ཏུ་ཆེ་བའི་གྲགས་པ་བྱུང་བས། ལུས་རྩལ་གྱིས་ང་རྒྱལ་བ་མང་པོས་འགྲན་དུ་ཡོངས་པ་རྣམས་ཀྱིས་འགྲན་མ་བཟོད་པའི་གཏམ་རྒྱུད་ཡོད། གཞི་ཐོག་བླ་བྲང་དང་། ཕྱག་མདས་འཁོར་ཚད་ཀྱི་ལྕགས་རི་བཏབ། ཆོས་དང་ཟང་ཟིང་གི་དཔལ་འབྱོར་རྒྱས་པའི་ངང་ནས། དགུང་ལོ་ང་དྲུག་པ་ས་མོ་ཕག་གི་རྒྱལ་ཟླའི་ཉི་ཤུ་གཉིས་ལ་དག་པའི་སྣང་བ་དུ་མ་དང་བཅས་ཤིང་། བླ་མ་འདི་འཇམ་དབྱངས་དངོས་ཡིན་པས་ཁྱེད་རྣམས་ཀྱང་མོས་གུས་དེ་བཞིན་དུ་གྱིས། ང་ཡང་མོས་གུས་རྩེ་གཅིག་འདིའི་ངང་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལམ་ཟབ་མོ་སྒོམ་ཞིང་། གཞན་ལ་ཡང་དབང་བསྐུར་རེ་ཙམ་བྱེད་པའི་རྣལ་འབྱོར་པ་གཅིག་ཏུ་སྐྱེ་གསུངས་ནས། ལ་སྟོད་ལྡོག་གི་དཔག་རི་ཞེས་བྱ་བར་སྐུ་གཤེགས་སོ། །བླ་མ་འདི་ལ་སྲས་བཞི། སྲས་མོ་བཞི་སྟེ་ལྕམ་སྲིང་བརྒྱད་འཁྲུངས་པའི་ཡོངས་སུ་གྲགས་པ་ནི། འཕགས་པ་རིན་པོ་ཆེ་དང་། ཕྱག་ན་རྡོ་རྗེ། སྲས་གཉིས་པ་ནི་རིན་ཆེན་རྒྱལ་མཚན་དང་། ཡེ་ཤེས་འབྱུང་གནས་སོ། །སྔ་མ་གཉིས་ནི༑ མ་གཅིག་ལྡོག་སྟོད་མ་ཀུན་དགའ་སྐྱིད་ལ་ཡབ་དགུང་ལོ་ང་གཉིས་པ་ཤིང་མོ་ལུག་གི་ཟླ་བ་གསུམ་པའི་ཚེས་དྲུག་ལ་དང་། ང་དྲུག་པ་ས་མོ་ཕག་ལ་འཁྲུངས་པའོ། འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནི། བསྟན་པ་སྔ་དར་གྱི་ལོ་ཙྪ་བ་ཆེན་པོ་ཀ་བ་དཔལ་རྩེགས་ཀྱི་སྐུ་སྐྱེར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ལུང་བསྟན་གསལ་པོ་ཡོད་ཅིང་། སྤྱན་རས་གཟིགས་དང་གསུང་གླེང་རྟག་ཏུ་མཛད་པའི་ས་སྟོན་རི་པར་གྲགས་པ་ཅིག་གི་སྐུ་སྐྱེ་དེ་མ་ཐག་པར་ཞལ་གྱིས་བཞེས། དེའི་གྲྭ་