[B:20a]པ་
[A:42]རྣམས་ངོ་མཁྱེན་པ་སོགས་ཆུང་ངུ་ནས་བྱིས་པའི་སྤྱོད་པ་ལས་འདས། བསླབ་པའི་གནས་དང་རྒྱུ་རྩལ་ཚེགས་ཆུང་ངུས་མཁྱེན། བླ་མ་འདི་དང་འགྲོ་མགོན་ཕྱག་ན་སྟེ། སྐུ་མཆེད་གཉིས་ཀས་སྒུ་རུམ་གྱི་ཉི་ཟེར་ལ་ན་བཟའ་དང་འཁོར་གསུམ་བཀལ༑ ཀུན་གྱིས་འདི་ནི་འཕགས་པའོ་ཞེས་བསྒྲགས་པས་འཕགས་པར་གྲགས། དགུང་ལོ་གསུམ་པ་ལ་སྒྲུབ་ཐབས་མཚོ་སྐྱེས། བརྒྱད་པ་ལ་སྐྱེས་རབས། དགུ་པ་ལ་བརྟག་གཉིས་ཐུགས་ལས་གསུངས། ཚོགས་པ་ཐམས་ཅད་ཤིན་ཏུ་ངོ་མཚར༑ དེ་ལྟར་ན་སྐྱེ་སྟོབས་ཀྱི་ཐུགས་རབ་ནི་ཆོས་རྗེ་ལས་ཀྱང་ལྷག་པར་མཁས་པ་རྣམས་ལ་གྲགས་སོ། བཅུ་པ་ལ་ཆོས་རྗེའི་ཕྱག་ཕྱིར་གོང་དུ་བྱོན་པའི་མར་ལམ་ཟུལ་ཕུར། ཆོས་རྗེ་པས་མཁན་པོ། ཟུལ་ཕུ་བ་ན་བཟའ་འཕྲེད་གསོལ་དུ་གྲགས་པ་ཆོས་དབང་བས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། སྐྱོར་མོ་ལུང་པ་ཤེས་རབ་སེང་གེ་ལ་ཀཱ་རི་ཀཱ་གསན་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་ཕྱུག་པར་མཛད་དོ། དེ་ལྟར་དགུང་ལོ་བཅུ་བདུན་པའི་བར་ཆོས་རྗེ་ལ་དབང་འཁྲིད་བཤད་པ་ཕལ་ཆེར་རྫོགས༑ ཤིན་ཏུ་བརྙེས་ནས་ཆོས་དུང་། ལྷུང་བཟེད། ཕྱག་དཔེ། ཚོགས་པ་རྣམས་གཏད། བསྟན་པའི་ཁུར་བཀུར། བཅུ་བདུན་པ་ལ་ཆོས་རྗེ་དང་བཅོ་བརྒྱད་པ་ལ་བྱང་ཕྱོགས་རྒྱལ་པོ་གོ་དན་ཡང་གཤེགས། དེ་ནས་ =སེ?སོ་ཆེན་གན་གྱིས་གདན་དྲངས༑ བརྟག་པ་དང་དྲི་བ་ལ་སོགས་པའི་སྒོ་ནས་ཡིད་ཆེས་ཤིང་། བཙུན་མོས་མཚམས་སྦྱར་ནས་མོས་གུས་ཁྱད་པར་ཅན་ཚུད། དགུང་ལོ་བཅུ་དགུ་པ་ཆུ་མོ་གླང་གི་ལོ་གསར་ལ་སེ་ཆེན་གན་གྱིས་དབང་བསྐུར་ཞུས། གཡང་ཀྲིའུ་ལས་བྱས་པ་
ཡི་གེ་
[A:43]ས་
དང་
རིན་པོ་ཆེ་འི་རི་མོ་
ཡོད་པའི་དམ་ག་ཕུལ། ཏི་ཤྲཱིའི་མཚན་གསོལ། གསེར་དང་མུ་ཏིག་གི་རྣམ་སྦྱར། སྐུ་ཆོས། ཕྱམ་ཚེ། དབུ་ཞྭ།