R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 19a
[B:19a]གཟི་འོད་འབར་བ་བཞེངས་པ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དང་། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་གསར་དུ་འཛུགས་པ་དང་། རྙིང་པ་གསོ་བ་དང་། ཆོས་སྡེ་མང་པོའི་ཞལ་བདག་མཛད་དེ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དང་། བྱང་ཕྱོགས་ལིང་ཆུ་རྩེར་ཁབ། བར་པ། བསམ་ཡས། ཉང་སྟོད་སྐྱང་ཐུར། ཤ་པ་སྲེག་ཤིང་། ཆུང་བ་ཁམས་གཙང་དབུས་གསུམ་ན་ཤིན་ཏུ་མང་བའི་བདག་ཉེར་མཛད་ནས་སྤྱིར་
རིག་[A:40]གནས་མཐའ་དག་དང་
མདོ་སྔགས། ཁྱད་པར་རྣམ་འགྲེལ་
འདུལ་མངོན་ཕར་ཕྱིན་དབུ་སེམས་དང་བདེ་ཀྱེ་གསང་གསུམ་ཡོ་ག་བྱ་སྤྱོད་སོགས་མདོ་སྔགས་ཟུང་འབྲེལ་
རྟག་གཉིས་ཀྱི་བཤད་སྲོལ་དིང་སང་གི་བར་དུ་ཡོད་པ་ནི་བདག་ཉིད་ཆེན་པོ་འདི་ཁོ་ནའི་འཕྲིན་ལས་ཀྱི་རྒྱུན་ནོ། །ཁྱད་པར་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་གྲྭ་ས། བྱང་ངམ་རིངས། དབུས་རྩེ་ཐང་
ན་ལནྡྲ། སྐུ་ཚལ་གོང་ཟིན། གསེར་མདོག་ཅན། ཐུབ་བསྟན་གོང་། གཉན་བྱ་གཤོངས་སོགས་དང་། དེ་དག་ལས་མཆེད་པ་དཔལ་ལྡན་ས་སྐྱའི་ཐུབ་བསྟན་རིན་ཆེན་སོགས་ཆོས་གྲྭ་མང་པོ་
ལ་སོགས་པ་ཤིན་ཏུ་དར་རྒྱས་སུ་གྱུར། ཧོར་ཡུལ་ལ་འབྱོན་པའི་ཚེ་ས་སྐྱར་མཚན་ཉིད་ཀྱི་ཚོགས་དཔོན་འུ་ཡུག་རིག་སེང་། སྔགས་ཀྱི་ཚོགས་དཔོན་ཞང་བཙུན་མདོ་སྡེ་དཔལ། སྤྱི་དཔོན་ཉེ་གནས་སུ་དགེ་བཤེས་ཤཱཀྱ་བཟང་པོ་བཀོས་ནས་བྱོན་རྗེས་རིགས་ཆེན་པ་རང་ལ་ཆ་བརྒྱད་ཅུ་བྱུང་པར་གྲགས་པ་ལྟ་བུ་བསྟན་པའི་རྒྱུན་ལ་ཕན་པའི་ཕྲིན་ལས་ནི་བླ་མ་འདི་ཁོ་ན་ཆེའོ། །རྩོད་དུས་གདུལ་བྱ་ཉམས་དམའ་བའི་སྐབས་སུ་ཕྲིན་ལས་རྣམ་དག་གི་རྒྱུན་ཚུགས་པ་རྣམ་ཐར་གྱི་གཙོ་བོ་ཡིན་གྱི། ཉིད་ཀྱིས་ལྷ་དང་བླ་མ་མང་པོ་གཟིགས་པ་སོགས་ནི་བྱིས་པ་མཚར་བསྐྱེད་དུ་ཟད་དོ།།དེ་ལྟར་དགུང་ལོ་སོ་དྲུག་པ་ནས། བདུན་ཅུའི་བར་སོ་ལྔ་གདན་ས་མཛད་ནས། ལྕགས་མོ་ཕག་གི་སྨལ་པོ་ཟླ་བའི་ཚེས་བཅུ་བཞི་ལ་རྗོད་ཀྱིས་མི་ལང་པའི་ལྟས་དུ་མ་དང་བཅས་ཏེ། བྱང་ཕྱོགས་སྤྲུལ་པ་སྡེའི་གཟིམ་ཁང་དུ་བདེ་བར་གཤེགས་སོ། །གཅུང་ཟངས་ཚ་བསོད་རྒྱལ་ནི། ཡབ་མེས་ཀྱི་ཆོས་ལ་སྦྱངས། ཀྱེ་