R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 18b
[B:18b]མཇལ་མ་ཐག་ཏུ་ང་རྒྱལ་ཞི་བར་གྱུར། ཁྱད་པར་མུ་སྟེགས་ཀྱི་སྟོན་པ་ཤིན་ཏུ་མཁས་ཤིང་ང་རྒྱལ་གྱིས་དྲེགས་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་དྲུག་གིས། རིགས་གཏེར་བོད་སྐད་ལས་རྒྱ་སྐད་དུ་བསྒྱུར་ཏེ་རྡོ་རྗེ་གདན་དུ་ཕེབས་པའི་མཆོད་བརྗོད་ཀྱི་ཚིག་ལ་མ་བཟོད་པས་རྐྱེན་བྱས་ནས་རྩོད་དུ་ཡོང་བས། ཆོས་རྗེ་ཉིད་ཀྱི་
པཎ་ཆེན་ཤཱཀྱ་ཤྲཱི་དུས་ཚེས་བསྒྲིགས། མངའ་བདག་རྒྱལ་པོས་དཔང་མཛད། གང་རྒྱལ་བའི་བསྟན་པ་ལ་འཇུག་པར་བྱས་ཏེ།
སྐྱིད་གྲོང་དུ་བྱོན་ནས་དྲི་མ་མེད་པའི་རིགས་པས་ཕམ་པར་མཛད་དེ། བསྟན་པའི་སྒོར་བཅུག་པས་འཕགས་པའི་ཡུལ་ནའང་འཇམ་དབྱངས་དངོས་སུ་གྲགས་སོ། །དེ་དག་ནི་མཁྱེན་པའི་ཡོན་ཏན་ཡིན་ལ། བརྩེ་བའི་ཐུགས་རྗེ་ནི། ཧོར་གྱི་རྒྱལ་པོས་བོད་ཀྱི་ངོ་ལྟ་མ་འཇགས་པའི་སྐབས་
[A:39]སུ་དམག་དཔུང་མང་པོ་བརྫངས་ཏེ་མཐོང་ཚད་སོད་ཅིག་ཐོས་ཚད་འདར་བར་འགྱུར་རོ་ཞེས་པའི་ལུང་བུད་པ་རིམ་གྱིས་ལག་ལེན་ལ་བཀལ་བའི་གཏམ་ཐོས་པས། བོད་འབངས་ཐམས་ཅད་སེམས་ཁོང་དུ་ཆུད་པའི་སྐབས་སུ༑ ཐུགས་རྗེ་ཆེན་པོ་འཁྲུངས་ཏེ། དཀོན་མཆོག་ལ་གསོལ་བ་བཏབ་པས། དགུང་ལོ་བགྲེས་པོ་རེ་གཅིག་ཏུ་ཕེབས་པ་ན་ཧོར་གྱི་རྒྱལ་པོས་གདན་འདྲེན་བྱུང་པ་ན། བོད་འབངས་ཐུགས་ཀྱི་དཀྱིལ་དུ་བཅུག་པའི་བརྩེ་བ་ཆེན་པོ་དང་། རྗེ་བཙུན་ཆེན་པོའི་ལུང་བསྟན་ཡོད་པ་བཀའ་བཞིན་བསྒྲུབ་པའི་མོས་གུས་ཆེན་པོས་ཀུན་ནས་བསླངས་ཏེ། སྐུ་སྲོག་ཡལ་བར་དོར་བ་ལྟ་བུའི་སྐུ་ཉེན་དང་དཀའ་སྤྱད་ཁྱད་དུ་བསད་ནས། རེ་གསུམ་པ་ལ་བཏེགས་ནས་ལོ་གསུམ་གྱི་བར་ལ་ལམ་གྱི་གདུལ་བྱའི་དོན་མཛད༑ ཧོར་གྱི་ཡུལ་བྱང་ཕྱོགས་རྒྱལ་པོའི་སར་བྱོན་ཏེ།བོད་འབངས་བདེ་བ་ལ་བཀོད་སྐད་རིགས་མི་གཅིག་པའི་རྒྱལ་ཁམས་དུ་མ་སངས་རྒྱས་ཀྱི་བསྟན་པས་ཁྱབ་ཅིང་འཕྲལ་ཕུགས་ཀྱི་ཕན་བདེ་ལ་བཀོད་དོ། ཕྲིན་ལས་ནི། གཙོ་བོར་ཇི་སྐད་བཤད་པ་དེ་དག་དང་། རྗེ་བཙུན་ཆེན་པོའི་ནང་རྟེན་དུ་འཇམ་དབྱངས་