R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 18a
[B:18a]དུ་བྱས་ནས་ཆོས་མཐའ་དག་འདུས་པ་ཐུབ་པ་དགོངས་གསལ་ལ་སོགས་ཏེ། མདོར་ན་མདོ་སྔགས་ལུང་རིགས་ཐམས་ཅད་ཀྱི་དོན་ཚིག་ཉུང་ངུས་འདུས་པ་མཁས་པའི་ཡིད་འཕྲོག་ཅིང་། བླུན་པོས་གོ་སླ་བའི་བརྩམས་ཆོས་མང་པོས་དངོས་དང་བརྒྱུད་པའི་གདུལ་བྱ་ཐམས་ཅད་མཁས་པའི་གོ་འཕང་ལ་མྱུར་དུ་འགོད་པར་མཛད། རྩོད་པ་ནི། སྤྱིར་སྡེ་བདུན་མདོ་དང་བཅས་པའི་དངོས་སྟོབས་ཀྱི་རིགས་པ་མཐའ་དག་ལེགས་པར་ཐུགས་སུ་ཆུད་པས་བོད་རྒན་པོའི་རྟོག་གེ་མཐའ་དག་རང་བློས་སྦྱར་བའི་སྐྱོན་ཅན་དུ་གཟིགས་པས། བོད་སྔ་མའི་གྲུབ་མཐའ་ལ་དགག་པ་ལེགས་པར་མཛད་པ་རྣམས་ཀུན་གྱིས་མི་བཟོད། ཁྱད་པར་དེ་དུས་ཀྱི་འཆད་ཉན་དམར་ཤོས་དམྱལ་ཞིག་འཇམ་པའི་རྡོ་རྗེ་དཔོན་སློབ་ཡིན་པས་ཤིན་ཏུ་མ་བཟོད་ནས་བུ་དགུའི་
[A:38]རིགས་པ་བཟང་ཤོས་འུ་ཡུག་པ་རིགས་པའི་སེང་གེ་ཡིན་པ། ཆོས་རྗེ་ལ་རྩོད་དུ་བཏང་ནས། ཆོས་རར་ཞག་ཤས་བསྡད་ནས་འགལ་དུ་བསྒུགས་པས་མ་རྙེད་ཅིང་། རྩོད་པར་ཅུང་ཟད་ཀྱང་མ་ནུས་ཀྱི་སྟེང་ནས་མི་ཕྱེད་པའི་དད་པ་ཐོབ་སྟེ་ཞབས་པད་ཡུན་རིང་དུ་བསྟེན་པས་བུ་ཆེན་དུ་གྱུར་པ་ལྟ་བུ་དང་། གཙང་ནག་ཕུག་པས་འཇམ་དབྱངས་དང་ཞལ་མཇལ་འཕྲོ་ལ། ཆོས་རྗེ་ལ་སྐུར་པ་བཏབ་པས་ཡུན་རིང་དུ་མ་མཇལ། གསོལ་བ་དྲག་ཏུ་བཏབ་པས་ཁྱོད་ཀྱིས་ང་ལ་འཐབས་པ་ཡིན་གསུངས་ནས། དང་པོར་མཇལ་ནས་རྩོད་པ་བྱེད་འདོད་པ། དེ་ནས་དད་པ་ལྷག་པར་ཚུད་དེ་གདན་དྲངས་ཟླ་སྦྲེལ་དུ་ཆོས་ཞུས། སྐུ་འདྲ་ཐུགས་ཁ་ན་དྲོད་ཡོད་པར་གྲགས་པ་སྒུ་རུམ་ན་བཞུགས་པ་འདི་ལེགས་པར་བཞེངས་ནས། ཕྱག་ནས་ཞུས་ཏེ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ལྟ་བུ་དང་།
མཁས་པ་སུ་ཞིག་ཡིན་ཀྱང་།
སྐུ་མདུན་