R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 13b
[B:13b]བྱའི་དོན་དུ་བརྩམས་ཆོས་ཀྱང་རྒྱུད་གསུམ། བདེ་མཆོག རྟོག་བདུན་ལ་སོགས་པའི་རྒྱུད་ཀྱི་ཊཱི་ཀ ནག་པོ་གཞུང་དྲུག་ལ་སོགས་པའི་རྒྱ་གཞུང་གི་བཤད་པ། སྤྱིར་ཟབ་ཆོས་མང་པོ། སྒོས་ཆོས་སྐྱོང་གི་སྒྲུབ་སྐོར། ཡང་སྒོས་ལམ་འབྲས་ཀྱི་
ཟན་བཞི་རྣམ་འགྲེལ་
འཁྲིད་ཡིག་ཀྱང་བཅུ་གཅིག་ཙམ་མཛད་དེ། ཐམས་ཅད་ཀྱང་ཚིག་འདུས་ཤིང་གསལ་བ། དོན་རྒྱས་ཤིང་ཟབ་པ་མཁས་པ་ཀུན་གྱི་ཡིད་འཕྲོག་པར་མཛད་པས་སྙན་པའི་གྲགས་པ་ཡང་། དིང་སང་བོད་ན་དཔལ་ལྡན་བིརྺ་པའི་སྤྲུལ་པ་ཞིག་གིས་བསྟན་པ་རིན་པོ་ཆེ་ལ་བྱ་བ་ཁྱད་པར་ཅན་བྱེད་དོ་ཞེས་རྒྱ་གར་ཤར་ནུབ་ཚུན་ཆད་དུ་གྲགས་སོ། །ཕྱག་རྫས་ཀྱང་འདི་ཆེ་སྟེ། ཆོས་སྐྱོང་ཆེ་ཆུང་གཉིས་ཀ་འདིས་རྙེད་པའི་ཕྱིར། མལ་གྱིས། རྡོ་རྗེ་གདན་གྱི་ཤར་ཕྱོགས་སྒོ་བསྲུང་བའི་
[A:28]གུར་མགོན་གྱི་བསེ་འབག་འཕུར་ཤེས་སོགས་གནང་། ཕྱི་ལ་ལེགས་པར་བརྫངས། གནམ་ཁའུ་པས་ཞལ་བཞི་པ་ལེགས་པར་གནང་བའི་ཕྱིར་རོ། །དེ་ལྟ་བུའི་བླ་མ་དེས་དགུང་ལོ་ཉི་ཤུ་པ་ནས་རེ་བདུན་གྱི་བར་ཞེ་བདུན་གདན་ས་མཛད་ནས། ས་ཕོ་སྟག་གི་ལོ་དབྱུག་གུའི་བཅུ་བཞི་ལ་
སྐྱའོ་ཁ་གདང་
།གཡུང་མོ་མཁར་དུ་ངོ་མཚར་བའི་ལྟས་དཔག་མེད་དང་བཅས་ཏེ་ཞི་བར་གཤེགས་སོ། བླ་མ་འདིས་བཙུན་མོ་གཉིས་བཞེས་པའི་ཇོ་མོ་ལྕམ་ཕུར་མོ་ལ་སྲས་གཅིག་འཁྲུངས་པ་དཀོན་མཆོག་འབར་ཞེས་པས་རྒྱ་གར་དུ་སློབ་གཉེར་ལ་བྱོན། ལེགས་པར་མཁྱེན་པས་ཕྱིར་འབྱོན་ཁར་རྡོ་རྗེ་གདན་དུ་གཤེགས་སོ། །ཚ་མོ་རོང་པ་མ་གཅིག་འོད་སྒྲོན་བྱ་བ་ལ་སྲས་གསུམ་འཁྲུངས་པ་ནི། སློབ་དཔོན་བསོད་རྩེ། རྗེ་བཙུན་གྲགས་རྒྱལ། དཔལ་ཆེན་འོད་པོ་སྟེ༑ རིམ་པ་བཞིན་ཡབ་དགུང་ལོ་ང་གཅིག ང་དྲུག ང་དགུ་པ་སྟེ། ཆུ་ཕོ་ཁྱི། ཆུ་མོ་ཡོས། ལྕགས་ཕོ་རྟ་རྣམས་ལ་འཁྲུངས། གཅེན་ནི་