R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 12a
[B:12a]གསུམ་བྱིན་རླབས་ཅན་མཐའ་ཡས་པ་བཞུགས་པས་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་པ་འདི། བླ་མ་བ་རི་ལོ་ཙཱ་བས་གཙོ་བོར་བདག་རྐྱེན་མཛད་ནས་བསྒྲུབས་ཏེ། ས་སྐྱའི་གདན་ས་ལོ་བརྒྱད་མཛད་ནས། ས་ཆེན་དགུང་ལོ་ཉི་ཤུའི་སྟེང་དུ་ཆེ་འདོན་བསྐོ་བཞག་མཛད་དེ༑ བ་རི་བ་ཉིད་བར་ཕུག་ཏུ་གཤེགས་སོ། །ཞང་སྟོན་ཆོས་འབར་ལ་གསུང་ངག་རིན་པོ་ཆེ་ལམ་སྐོར་ཆ་ལག་དང་བཅས་པ་ཐམས་ཅད་མ་ལུས་པ་གསན་ཏེ། དེ་ལྟར་ན་ས་ཆེན་འདི། དང་པོར་མདོ་སྔགས་ཕྱི་ནང་ལུང་རིགས་ཀྱི་གསུང་རབ་མཐའ་དག་ཚར་རེ་གསན་པ་ཙམ་གྱིས་མཁྱེན་པས། མ་གསན་པའམ་མི་མཁྱེན་པ་གང་ཡང་མེད་པར་འཆི་བ་གཟིགས་པས། སྙིང་རྗེ་དང་བདག་པས་གཞན་གཅེས་པའི་ལྷག་བསམ་གྱིས་འབྲུམ་བུས་ན་བའི་ནད་གཡོག་མཛད་པས་ལགས་པར་གསོས་ནས་རང་ཉིད་ལ་འགོས་ཏེ། འགྲོངསགྲོངས་ལ་ཐུག་པའི་སྡུག་བསྔལ་དང་དུ་བླངས་ཤིང་། གཞན་ཡང་སློབ་གཉེར་གྱི་དུས་ན་ཡང་བདག་པས་གཞན་གཅེས་མང་དུ་མཛད། ཕྱིས་གཞན་དོན་གྱི་ཚེ་ནི་ཤིན་ཏུ་མང་བར་མཛོད། སྦྱོར་བ་ལ་བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱི་
[A:25]བསླབ་པ་ནི། སོ་སོར་ཐར་པའི་དབང་དུ་བྱས་ན། བླ་མ་དགེ་ཆུ་བ་གཤེགས་ཁར། ཀུན་དགའ་སྙིང་པོ་ཁྱོད་རབ་ཏུ་བྱུང་ནས་འཁོན་ཚོའི་སྡེ་པ་འདི་སྐྱོངས་ཤིག་གསུང་བའི་ཞལ་ཆེམས་བྱུང་བ་ལྟར། རབ་བྱུང་བསྙེན་རྫོགས་ལ་ཐུགས་ཤིན་ཏུ་སྤྲོ་ཡང་། བླ་མ་གནམ་ཁའུ་པས་བླ་མ་མཉམ་པོ་ལ་ང་གསོན་པོའི་ཁ་ལ་ཉོན། ཁྱོད་རབ་ཏུ་བྱུང་བ་བས་མ་བྱུང་ན་བསྟན་པ་ལ་ཕན་གསུང་བའི་རྐྱེན་གྱིས་རབ་བྱུང་མཛད་དབང་མ་བྱུང་ནའང་། དགེ་བསྙེན་ཡོངས་རྫོགས་ཀྱི་སྡོམ་པ་ཤིན་ཏུ་དག་ཅིང་། ཐ་ན་