R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༥ན
[A:༥ན]༄༅། ། གསུངས། ཡབ་མེས་ཀྱི་ཆོས་ལ་མངའ་བརྙེས། བདག་པོ་བཞི་ཐོག་གི་མཚན་གསོལ། ང་ལྔ་པ་ལྕགས་ཕོ་བྱི་བ་ལ་གཤེགས། གཉིས་པ་སློབ་དཔོན་ཆེན་པོ་གྲགས་པ་བློ་གྲོས་པ་མེ་མོ་ལུག་ལ་འཁྲུངས། གོང་མ་དང་ཡུམ་མི་གཅིག། ཆོས་སླེ་བླ་མ། མཉམ་མེད་པ་སོགས་བརྟེན། བསྟན་པའི་བྱ་བ་རྒྱ་ཆེར་མཛད། བརྒྱད་བཅུ་པ་མེ་ཕོ་སྟག་ལ་གཤེགས། གསུམ་པ་སློབ་དཔོན་ཆེན་པོ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྐྱེས་སྟོབས་ཀྱི་ཐུགས་རབ་ཤིན་ཏུ་ཆེ། ཚོགས་ཆོས་གསུངས། རིང་པོ་མ་ལོན་པར་གཤེགས། སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་པ་ལ་སྲས་གཅིག་འཁྲུངས་པ་ནི་ཤིན་ཏུ་མཁས་པར་གྱུར། བཞི་ཐོག་གི་གདན་སར་བཞུགས། གསར་དུ་འཐུས་བཙུན་མང་པོ་འཛུགས་པ་དང་བཤད་སྒྲུབ་མཐག་མཛད། ཞེ་ལྔ་པ་ཆུ་ཕོ་རྟ་ལ་གཤེགས། འདིས་བདག་ཆེན་རིན་པོ་ཆེ་ཁའུ་པ་བློ་གྲོས་རྒྱན་མཚན་དཔལ་བཟང་པོ་བཞི་ཐོག་ཏུ་བསྐོ་བ་སོགས་ཐུགས་བརྩེགས་ཤིན་ཏུ་ཆེ་བ་མཛད། གླང་ཐང་གི་སྤྱན་མངའ་རིན་པོ་ཆེ་ཀུན་རྡོར་བ་སྐུ་མཆེད་ལ་ཆོས་མང་པོ་གསུངས་སོ། སློབ་དཔོན་ཆེན་པོ་གྲགས་པ་བློ་གྲོས་པ་ལ་སྲས་གཅིག་བྱུང། སློབ་དཔོན་ཆེན་པོ་དབྱུགས་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ཆུ་ཕོ་སྟག་ལ་འཁྲུངས། ཆུང་ནས་འབྲི་ཀློག་ཚེགས་མེད་པར་མཁྱེན། ཐུགས་རབ་ཤིན་ཏུ་ཆེ། ཡབ་དང་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་རྣམས་ལ་སྤྱིར་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཁྱད་པར་ཀྱེ་རྡོ་རྗེའི་རྒྱུད་གསུམ་གདམ་ངག་མན་ངག་དང་བཅས་པ། བདེ་གྱེས་གསང་གསུམ་ལ་སོགས་པ་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ལུང་ཁྲིད་བཤད་པ་མཐའ་ཡས་པ་གསན་ཅིང་མཁྱེན། རྡོ་དཀར་སྟན་ཅིག་གིས་བརྟུལ་ཞུགས་སྐུ་ཚེ་དུས་འདའ། སྒྲུབ་ཐབས་བརྒྱ་ཚ། རྒྱ་མཚོ། རྒྱུད་འབུམ། ས་སྐྱ་བཀའ་འབུམ། འདུལ་བ་ལུང། མདོ་མངས་ལ་སོགས་པ་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་སྐོར་བས་སློབ་མ་འང་དགེ་བའི་བཤེས་གཉེན་མཐའ་ཡས་པ་བྱུང་ངོ། ཆོས་གསུངས་པ་ནི། དཔལ་ལྡན་ས་སྐྱ། ཆུ་མིག་བོ་དོང། ཤབ་སྨད་བཀྲ་ཤིས་གླིང། ངོར་དགོན་གསར། མུས་བདེ་བ་ཅན་ལ་སོགས་པ་རྣམས་སོ། དགུང་ལོ་དྲུག་བཅུ་པ་ལྕགས་མོ་གླང་ཟླ་བ་གསུམ་པའི་ཉི་ཤུ་གཅིག་ལ་གཤེགས། དེ་རྣམས་ནི་བཞི་ཐོག་བླ་བྲང་པའི་གདུང་རབས་སོ། ། ལྷ་ཁང་བླ་བྲང་བའི་གདུང་རབས་ནི་ཆེན་པོའི་བཙུན་མོ་བཞི་པ་ལ། ཏྲི་ཤྲི་ཀུན་དགའ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ཡབ་ཞེ་བདུན་པ་ས་ཕོ་སྤྲེའུ་ལ་འཁྲུངས། དབང་ཀུན་དགའ་ལེགས་པ་དང་གུང་རྟ་གཅིག། གཞུ་ནུ་ནས་ཡབ་ཆོས་ལ་སྦྱངས་ཐུགས་