R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༤བ
[A:༤བ]གསེར་དམ་གྱི་ཐོག་གྲངས་ལྷ་ཁང་བླ་བྲང་གནང། འཇམ་དབྱངས་དོན་ཡོད་པ་སྐུ་མཆེད་ལ་ཤེལ་དམ། རིན་ཆེན་སྒང་སོགས་གནང། དབང་ཀུན་དགའ་ལེག་སཔ་ལྕམ་སྲིང་གཉིས་ལ་དུས་མཆོད་བླ་བྲང་གནང་ཏེ། སླར་ཡང་གོང་དུ་གཤེགས་ཏེ་ཉི་ཤུ་རྩ་དགུ་པ་མེ་མོ་ཡོས་ལ་མེ་ཏོག་ར་བའི་སྡེར་གཤེགས། བཞི་ཐོག་བླ་བྲང་བའི་གདུང་རབས་ནི་བཙུན་མོ་གསུམ་པ་ལ་མཁས་བཙུན་ནམ་མཁའ་ལེགས་པའི་བློ་གྲོས་རྒྱན་མཚན་དཔལ་བཟང་པོ་ཡབ་ཞེ་བཞི་པ་ཤིང་མོ་སྦྲུལ་གྱི་ལོ་ལ་འཁྲུངས། མཁས་པ་ནོར་བཟང་དཔལ་ལ་སོགས་པ་བསྟེན་ནས་ཡབ་མེས་ཀྱི་ཆོས་རྣམས་ཐུགས་སུ་ཚུད། རྒྱལ་པོས་ཤེལ་དམ་ཆེ་བ་སོགས་གནང་སྦྱིན་མཐའ་ཡས། གུ་ཏི་གུ་ཤྲིའི་མཚན་བཞི་ཐོག་གི་ཁྲི་ལ་བཞུགས་སུ་བཅུག། མཛད་ཕྲིན་མཐའ་ཡས། ལོ་བཅུ་དགུ་གདན་ས་མཛད། སུམ་བཅུ་སོ་དགུ་པ་ཆུ་མོ་ལུག་གི་ཟླ་བ་དགུ་པའི་ཚེས་བརྒྱད་ལ་བཞི་ཐོག་ཏུ་གཤེགས། དེའི་བཅུང་ནམ་མཁའ་བཤེས་གཉེན། གཞོན་ནུ་ལ་གཤེགས། ཆུང་བ་གུ་ཤྲི་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ཆུ་ཕོ་བྱི་བ་ལ་འཁྲུངས། བླ་མ་དམ་པ་དང་གུང་ཏྲ་གཅིག།། གུ་རུ་ཤེས་རིན་པ་སོགས་བསྟེན་ནས་སློབ་གཉེར་མཐར་ཕྱིན། གོང་ནས་གདན་དྲངས་ཏེ་བྱོན་བསྟན་པའི་བྱ་བ་མཛད། ཉི་ཤུ་པ་ལྕམ་མོ་ལུག་ལ་མེ་ཏོག་ར་བར་གཤེགས། བླ་མ་མཁས་བཙུན་པ་ལ་སྲས་གཅིག་བྱུང་བ་བདག་ཆེན་ཀུན་དགའ་རིན་ཆེན་པ་ས་མོ་ཡོས་ལ་འཁྲུངས། ཆོས་རྗེ་བླ་མ། གུ་རུ་ཤེས་རིན། མཉམ་མེད་ཆེན་པོ། ཞང་དབྱུང་རྒྱལ་མཚན་སློབ་དཔོན་མགོན་རྒྱལ། མཁེན་རྟོགས་ལྡན། སློབ་དཔོན་འཇམ་དབྱངས་སྔོན་མོ་སོགས་ལ་བརྟེན། མདོ་སྔགས་མང་དུ་མཁྱེན། ཁྱད་པར་རྣམ་འགྲེལ་དང་རིག་གཏེར་ལ་མཁས་པས་གོང་མས་ཀུན་ཏིང་གུ་ཤྲིའི་མཚན་དང་ཤེས་དམ་ཆེ་བ། དངུལ་དམ་ཆེ་བ་སོགས་གནང། བཞི་ཐོག་གི་གོ་སར་བསྐོས། ཚོགས་ཆེན་མོར་རྟག་གཉིས། མངོན་པ་མཛོད། ཐུབ་པ་དགོངས་གསལ། སྒྲོལ་མ། རིག་གཏེར་རྣམས་གསུངས་སྟེ། དུང་ཐིངས་ལྔ་ལྔ་སྦུས། གདན་སར་ཚོགས་ཆོས་གནང་བ་འདི་རང་ཡུན་རིང། རྩེ་ཐང་དུ་ཏ་སིས་གདན་དྲངས། འཆད་ཉན་ཆོས་འཁོར་རོ། ལུག་ལོ་ལ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དཔོན་འོག་མ་མཛད་ཆུ་མིག་དུ་ཕེབས། དེ་ནས་ཏ་སིས་ཕྱག་ཕྱི་བྱས་ཁྱི་ལོ་ལ་གདན་སར་བྱོན། གོང་མས་ཐོ་ལིང་སྐྱ་ཧོ་སིས་ཏ། དབྱེན་གུ་ཤྲིའི་མཚན་དང། དམ་ག་ཆེན་མོ་ཐོ་ཤུགས་དང་བཅས་པ་གནང། རེ་གཅིག་པ་ས་མོ་ཡོས་ཟླ་བ་དྲུག་པའི་ཚེས་གཉིས་ལ་གཤེགས། དེ་ལ་སྲས་གསུམ་གྱི་ཆེ་བ་སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་པ་མེ་ཕོ་སྟག་ལ་འཁྲུངས། ཆོས་སླེ་བླ་མ་སོགས་བརྟེན་ཚོགས་ཆོས་