R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༩བ - ༡༠བ
[A:༩བ - ༡༠བ] པས། ཆོས་ཁྲི་ཁ་ནས་འཇམ་དབྱངས་འོད་ཟེར་དང་བཅས་པ་བཞུགས་པར་མཐོང་ནས་ཞབས་དྲུང་དུ་སླེབས་འཁྲལ་ལ་མོས་གུས་ཁྱད་པར་ཅན་གྱི་གདུང་ཤུགས་ཀྱི་ལག་པ་གཡས་པས་རང་གི་གཡོན་པའི་སེར་མོ་ལྔ་ལ་རྡོ་རྗེས་བསྣུན་ཏེ། མཎྜལ་སྟེང་དུ་བཞག་ནས་འཕུལ་རྩིས་ནང་གི་ལྤགས་པ་མན་ཆད་ཙམ་གྱི་སེར་མོ་ལྔ་ལ། ཆོས་རྗེའི་ཕྱག་ནས་ཕྱག་ཆིས་ཀྱི་དྲིལ་ཏེ་ཞལ་ཕྱིལ་དང་ཕུ་ཕུ་གཅིག་གསུངས་པས་ཉིད་བཅག་པ་རང་གཅེས་གཅེས་མ་བྱེད་པར་རང་གར་བཞོག་གསུངས། དོ་ནུབ་སྲོད་ལ་ན་རོ་ཁ་སྤྱོད་ཀྱི་བྱིན་རླབས་གནང། སང་དེ་སྨོན་པ་མེད་པར་དྲག་པའི་བྱིན་རླབས་སོགས་དང། མངོན་ཤེས་རྫུ་འཕྲུལ་ནུས་མཐུ་ཚད་མེད་པས་རྟ་ལ་མི་ཆིབས་པ་དང། བཙུན་པའི་ཕུལ་དུ་ཕྱིན་པ་དང། རུང་ཆུ་དང་སྦྱིན་ལེན་ལ་སོགས་འདུལ་བའི་ཕྱག་ལེན་ཕྲ་མོ་ལའང་བཙིགས་དམ་མཛད། མཁས་གྲུབ་ཆེན་པོ་འདི་གོང་ནས་གདན་འདྲེན་མང་དུ་བྱུང་ཀྱང་མ་ཐེགས། གོང་ནས་ཀུན་མཁྱེན་དོལ་ཕུ་བ། བུ་སྟོན་པ། ཐོགས་མེད་པ། མཉམ་མེད་པ། སྣར་ཐང་མཁན་ཆེན་བློ་བཟང་གྲགས་པ། ནེ་ཐོག་པ་བློ་གྲོས་སེང་གེ་སོགས་དབུས་ཚང་གི་མཁས་པ་རྣམས་ལ་མཇལ་པ་དང་། སྙན་བསྐུལ་གནང་ནས་ཞུབ་འབུལ་ཀྱང་དགོས་པ་ཁྱད་པར་ཅན་གྱི་མ་ཐེགས་པ་ལ། རྒྱལ་སྲས་ཐོགས་མེད་པས་བསྟོད་པ་མཛད། མི་དབང་རྒྱལ་པོའི་བཀུ་བསྟིས་མ་བཅིངས་པར། །མི་གནས་མྱ་ངན་འདས་པའི་ལམ་བསྒྲུབས་པས། །མི་མཆོག་རྒྱལ་བའི་གོ་འཕངས་རབ་བརྙེས་ནས། །མི་འཇིགས་སེང་གེའི་ཆོས་སྒྲ་སྒྲོག་ལ་འདུད། །ཅེས་སྔགས་པ་བརྗོད་དོ། དེ་ལྟ་བུའི་མཁྱེན་བརྩེ་ནུས་པ་མངའ་ཡང་གང་ཟག་ཆེ་ཆུང་སུ་ལའང་སྙན་པའི་ཚིག་གིས་གསུངས་བྱོན་པ་མ་གཏོགས་ཞབས་འབྲིང་དུ་ཡུན་རིང་འཁོད་པ་དག་གི་ཀྱང་གཞན་ལ་རྩུབ་མོའི་ཚིག་གིས་གསུངས་བ་མ་ཐོས་པ་སོགས། འཇིག་རྟེན་ཆོས་བརྒྱད་དང་བྲལ་བ་དང། རྒྱལ་སྲས་ཐོགས་མེད་པས་སྟོད་པ་མཛད་པ་ལས། ས་སྐྱོང་སོགས་ཀྱི་གཙུག་གི་རྒྱན་གྱུར་ཞིང། །ས་སྟེང་འདི་ནས་འགྲན་ཟླ་མ་མཆིས་ཀྱང། །ས་གཞི་ལྟ་བུར་ཐམས་ཅད་བཀུར་མཛད་པ། །ས་གསུམ་བླ་མ་ཆོས་རྗེའི་ཞབས་ལ་འདུད། །ཞེས་སྔགས་པ་བརྗོད་དོ། ལ་སྟོད་ལྷོ་བྱང། ཚང་མོ་རོང་བྱུབ་རྫོང་། བོ་དོང་ཨེ་འཇད་ཤངས། ཉང་ཤབ། རིན་སླ་ངས་འབྲས་ཡུལ། གོང་དཀར། སྙེ་ཐང། གསང་ཕུ། ལྷ་ས། འཚལ་གུང་ཐང། བྲ་དཀར། རྒྱ་མ། འཕན་ཡུལ། གླང་ཐང། གྲོ་ས། རྒྱལ་ལྷ་ཁང། ཉན་པོ། བྱང་རྟག་ལུང་། ར་སྒྲེང། འབྲི་ཁུངས། ཀོང་དགོན་པ། སོག་ཟམ་ཁ། ཉང་པོ། ཀོང་པོ་སྟོད་སྨད་བར་གསུམ། དྭགས་པོའི་རི་ཁྲོད། ཅ་སྡེ་ཡུལ་གཡེ་རོང་བསྙལ་སྟོད་སྨད། བྱར་ཚ་བལ་ཁ། ཡར་བསྟོད། ཁྲུ་འབྲུག། སྣེའུ་གདོང། རྩེ་ཐང། ཕག་མོ་གྲུ། བསམ་ཡས་ལ་སོགས་པ་ཡུལ་ཕྱོགས་མཐའ་དག་དུ། ཆོས་སྡེ་སོ་སོའི་བླ་མ་དགེ་བའི་བཤེས་གཉེན་ཐམས་ཅད་དང་། དབུས་གཙང་གི་སྡེ་པ་སོ་སོར་སྐྱེ་འགྲོ་ཡོངས་དང་བཅས་པ་ལ་གང་ལ་