R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༡༠ན - ༡༡ན
[A:༡༠ན - ༡༡ན]༄༅། །གང་འདོད་ཀྱི་གསུང་ཆོས་མཐའ་ཡས་པ་གསུངས་ཤིང། འཕན་ཡུལ་མདའི་བཀྲ་ཤིས་གསུམ་མདོར། རྒྱ་མ་དཔོན་གྲགས་ཀྱིས་སྦྱིན་བདག་མཛད་པའི་ཆོས་འཁོར་བསྐོར་བ་དང། ཡར་ལུངས་སྣེལ་གདོང་གི་ཆོས་འཁོར་ཟླུམ་ད་རུ། འཇམ་དབྱངས་གུ་ཤྲཱི་ཤཀྱ་རྒྱལ་མཚན་གྱི་སྦྱིན་བདག་མཛད་པའི་ཚོགས་ཆོས་རྒྱ་ཆེན་པོབསྐོར་བ་སོགས་འགྲོའི་དོན་མཛད་ནས། གུང་ལོ་རེ་བཞི་པ་ལ་ཤིང་མོ་ཡོས་ཀྱི་ལོ་ཟླ་བ་དྲུག་པའི་ཚེས་ལྔ་ལ་བསམ་ཡས་སུ་ངོ་ཚར་བའི་བལྟས་དང་བཅས་ཏེ་མྱ་ངན་ལས་འདས་སོ། དེ་ལ་ཁ་གཅིག་ཏི་ཤྲི་ཀུན་དགའ་ལེགས་འབྱུང་གི་གོང་དུ་སྲས་ཆུང་ངུ་གཅིག་འདས། ཏ་དབེན་ཀུན་ཉིའི་རྗེས་ལ་སྲས་ཆུང་གཅིག་འདས་ཟེར་ལ། དེ་ལྟར་ན་བླ་མ་བདེད་ཆེན་པོ་ལ་སྲས་བཅོ་ལྔ་སྲས་ལོ་གཉིས་ཏེ། བཅུ་བདུན་བྱུང་བ་ཡིན་ནོ། འཇམ་དབྱངས་དོན་ཡོད་རྒྱལ་མཚན་པ་སྲས་གཉིས་ཀྱི་གཅེན་ཉི་མ་རྒྱལ་མཚན་གཞོན་ནུ་ལ་གཤེགས། གཅུང་ཟླ་བ་རྒྱལ་མཚན་རབ་ཏུ་བྱུང་བའི་མཚན་བླ་ཆེན་ཀུན་དགའ་རྒྱལ་མཚན་ཤིང་ཕོ་སྤྲེའུ་ལ་འཁྲུངས། ཡིག་ཀློག་སོགས་ཚེགས་མེད་པར་མཁྱེན། ཆོས་རྗེ་བླ་མ་དང་མཉམ་མེད་པ་སོགས་ཡོངས་འཛིན་མང་དུ་བརྟེན། ཡབ་ཆོས་རྣམས་ལ་སྦྱངས་བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་དང་འཆད་ཉན་ལ་བརྩོན་པར་མཛད། གོང་ནས་ཆོས་རྗེའི་དགོས་ཀྱི་དབེན་པོ་འབྱོན་དགོས་ཟེར་བས། བླ་ཆེན་གྱི་མཚན་གསོལ་ནས་མདོ་ཁམས་བར་བྱོན་རྒྱལ་ཁམས་ཀྱི་བེད་གོ་གི་གོང་དུ་མ་ཐོར་པར་ཡར་བྱོན་གདན་ས་དང་བསམ་ཡས་ལ་སོགས་མདོར་ན་བསྟན་པའི་བྱ་བ་མཛད་པའི་ངང་ནས་རྩོམ་ཆེར་ཆོས་རྗེའི་དྲུང་གི་ཕྱག་ཕྱིར། བཀའ་འབུམ་ཐོར་བ་བསྡུས་ཏེ་བསྐུར་པ་བདེ་བར་གཤེགས་ནས། གདུང་གི་ཞབས་རྟོགས་གསོལ་འདེབས་ཕྱི་རྟེན་ནང་བརྟེན་སོགས་བཞེངས་པ་མཛད། བར་སྐབས་སུ་ཁམས་ཀྱི་གོ་ཇོ་བདག་པོས་སྤྱན་དྲངས་ནས། མདོ་ཁམས་སུ་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར་ཐམས་ཅད་དད་པར་མཛད། དེ་ནས་ས་སྐྱར་ཕེབས་ཤིང་ཁང་བླ་བྲང་དུ་ས་བཟངས་འཕགས་པས་ཞུ་བ་པོ་མཛད་ནས་ཆོས་རྗེ་ཀུན་བཀྲས་པ་དང་ཤར་པ་ཡེ་ཤེས་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་མང་པོ་ལ་ཆོས་རྗེས་བླ་མའི་བཀའ་འབུམ་ཀྱི་ཐོག་དྲངས་དབང་ལུང་བཤད་ཁྲིད་བསམ་གྱི་མི་ཁྱབ་བ་གནང། དེ་ལྟར་མཛད་པ་རྒྱ་ཆེ་བ་མཛད་ནས་གུང་ལོ་བདུན་བཅུ་དོན་ལྔ་པ་ས་ཕོ་ཁྱི་ལ་ཤབ་རེག་གདིང་དུ་གཤེགས། དེ་ལ་སྲས་གཉིས་ཀྱི་གཅེན་སློབ་དཔོན་ཆེན་པོ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ས་ཕོ་སྟག་ལ་འཁྲུངས། སྐྱེས་སྟོབས་ཀྱི་ཤེས་རབ་ཤིན་ཏུ་ཆེ་བས་སྦྱོར་རེའི་རིན་ལ་ཤེད་དམར་གྱི་སྒྲུབས་དཀྱིལ་ཆོ་ག་ཆ་ལག་ཚང་མར་ཟིན་པ་ལ་ཐེག་ཆེན་ཆོས་རྗེས་འཇམ་དབྱངས་སུ་དྷྱ་ ཡབ་ཆོས་སོགས་མང་དུ་གསན་ཡབ་བླ་ཆེན་རང་དང་མཁན་པོ་བསོད་ནམས་རྒྱལ་མཚན་སོགས་ཡོངས་