R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༩ན - ༡༠ན
[A:༩ན - ༡༠ན]༄༅། །བཟང། ཟླ་བ་མང་པོའི་བར་དུ་རྡོ་རྗེ་དཀྱིལ་བཀྲུངས་མ་གཤིགས་པར་འཁོར་ཡུག་ཏུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་སོགས་གྲུབ་ཐོབ་ཀྱི་རྟགས་མང། ཉང་པོར་དབྱར་གྱི་ཆུ་བོ་ཆེན་པོས་གྲོང་ཁྱེར་མང་པོ་འཇིགས་པ་བྱུང་བ་ལ། གཏོར་ཆེན་དང་བདེན་ཚིགས་བརྗོད་པས་དེ་མ་ཐག་ཆུ་བོ་གཞན་དུ་འགྱུར་བའི་རྫུ་འཕྲུལ་དང་མངོན་ཤེས་མངའ། ཆོས་སྐྱོང་ཆེ་ཆུང་འཁོར་དང་བཅས་བྲན་དུ་བཀོལ། རྗེ་ས་སྐྱ་པ་ཡབ་སྲས་དང་ཡང་ཡང་མཇལ་བའི་ཆོས་གསན་པ་སོགས་མཐའ་ཡས། ཕྱག་རྫས་དངོས་པོ་རྣམ་ཐོས་དང་འདྲ་བ་རྣམས། ལྷ་སར་ཇོ་བོ་རིན་པོ་ཆེའི་གདན་ཁྲི་རྒྱབ་འཕྲུལ་མ་མཛད་ནས་ཡོད་པས། ལྷ་སའི་ཞིག་གསོས། བསམ་ཡས་ཀྱི་གསེར་ཏོག་དང་ཞིག་གསོས། གཞན་ཡང་སྔོན་གྱི་ལྷ་ཁང་མང་པོའི་ཞིག་གསོས། ཡུམ་དང་གཅེན་རྣམས་ཀྱི་གཤེགས་རྫོངས་བརྟེན་བཞེངས། གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས། དགེ་འདུན་གྱི་བརྙེན་བསྐུར། སྐྱོའོ་ལ་སྦྱིན་གཏོང་སོགས་དཔག་མེད་མཛད་ཅིང། གུང་ལོ་རེ་གཅིག་པ་ལ། བོ་དོང་ཨེའི་ཆོས་གྲྭ་ཆེན་པོར་གཙང་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཐམས་ཅད་སྤྱན་དྲངས་ཏེ། དགེ་འདུན་སྟོང་ཕྲག་བཞི་བཅུ་ལྷག་དང་བཅས་པ་ལ། གསེར་དངུལ་གོས་དར་ལ་སོགས་པའི་སྒོ་ནས་གསེར་ཞོ་རེའི་འབུལ་བ་དང། སྐྱེ་བོའི་ཚོགས་གྲངས་ལས་འདས་པ་ལ་ནས་ཀྱི་ཕུང་པོ་རི་རབ་ཙམ་འགྱེད་ཕུལ་ཕྱིན་མཛད། སྡོམ་བརྩོན་བགྲེས་པོ་རྟོག་སྤྱོད་དང་ལྡན་པ་ནྲཻ། མངོན་གྱི་ཆོས་འཁོར་དག་ལ་འཇིག་རྟེན་ན་དགྲ་བཅོམ་པ་ཆེན་པོ་རྣམས་དང། གནས་བསྟན་ཆེན་པོ་བཅུ་དྲུག་པོ་རྣམས་དང། གཞན་ཡང་རྫུ་འཕྲུལ་དང་ལྡན་པའི་རིགས་འཛིན་མང་པོ་རྣམས་དགེ་འདུན་ཕལ་པའི་ཚུལ་བཟུང་ནས། བསོད་ནམས་ཀྱི་ཞིང་དུ་འབྱོན་པའི་གཏམ་རྒྱུད་སྔ་ལ་ ད་རེས་ཀྱི་འདུས་པ་འདི་ལ་དཔགས་ན། གནས་བསྟན་བཅུ་དྲུག་ལ་སོགས་པའི་གང་ཟག་དམ་པ་མང་པོ་ཡོད། ངེས་ཤེས་ཞེས་བསྒྲོགས་གུང་ལོ་རེ་གཉིས་པ་ལ་བསམ་ཡས་སུ་ཕེབས་ཏེ། དབུས་ཕྱོགས་ཀྱི་སྤྱན་དྲངས་ཏེ། དགེ་འདུན་སྟོང་ཕྲག་ཉི་ཤུ་ལྷག་པ་ལ། གསེར་དངུལ་གོས་དར་ཕན་ལ་སོགས་པའི་སྒོ་ནས། གསེར་ཞོ་རེ་འཕུལ། སྐྱ་བོའི་ཚོགས་གྲངས་ལང་བ་ལས་འདས་པ་ལ་ཡང་གོས་དར་ཇ་ཏ་འཛོ་ལ་སོགས་པ་ཁྱེ་ན་དེར་འདོད་ཡིད་བཞིན་དུ་བསྐོང་བ་མཛད་དོ། མངོན་པར་རྟོགས་པའི་ཡོན་ཏན་ཐུན་མོངས་འགའ་ཞིག་ནི། འཕན་ཡུལ་ཉན་པོའི་ཤར་ཕྱོགས་ན། གྲོས་སེ་ཀུན་ཞེས་ཟེར་བའི་ཤ་བ་རི་དབྱུག་ལ་སོགས་གྲུབ་ཐོབ་ཆེན་པོའི་ཞལ་གཟིགས་པ་གཅིག་བཞུགས་པ། དེའི་ཉམས་སྣང་ལ་ནུབ་ཕྱོགས་ན་བསྟོན་པ་དགྲ་བཅོམ་པ་བཅོམ་ལྡན་འདས་འཁོར་མང་པོ་ལ་ཤེར་ཕྱིན་གསུང་བ་གཅིག་བྱུང། དེ་ནས་ཞག་འགའ་ན་ཆོས་རྗེ་པས་ཉན་རོ་ཕེབས། ཕར་ཕྱིན་གསུངས། དེ་ལྟར་བྱུང་བ་དེ་འདིའི་ལྟས་སུ་འདུག་གསུངས་ནས་ངེས་ཤེས་བསྐྱེད་པར་མཛད། ཡང་དེའི་དུས་སུ་སྟོད་ལུངས་པ་བཤེས་གཉེན་རྡོ་རྗེས་མཇལ་དུ་འོངས་