R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༦ན - ༧ན
[A:༦ན - ༧ན]༄༅། །དབུས་ཕྱོགས་སུ་སྟོན་པ་བཟང་བའི་གྲགས་ཐོན། ཆོས་རྗེ་བླ་མ་ལས་བསྙེན་རྫོགས་མཛད། བླ་ཆེན་ཀུན་དགའ་མཚན། གངས་ཅན་ཁྲོད་ པ་མཁས་གྲུབ་པ། རིན་དྷོར་བ་མ་སྟི་པཎ་ཆེན། ཆོས་རྗེ་མཆོག་པ། ནམ་མཁའ་ཡེ་ཤེས། བུ་སྟོན་དབྱུགས་དང་བྱང་སོང་བ། འཇག་པ་བྱམས་པ་དཔལ་སོགས་མཁས་གྲུབ་མང་པོ་བསྟེན་བསྟན་པའི་བདག་པོར་གྱུར། མདོ་སྔགས་ཀུན་ལ་མཁས། གདན་ས་ཆེན་པོ་ལ་སྟོད་ལྷོ་བྱང་། ཤངས་དབུས་ཀྱི་ཕ་ཞོང་ཁང། གུང་ཐང་བེ་ད་སྙེ་ཐང་། འཕན་ཡུལ། སླང་ཐང་། ལྷན་པོ་གྲོས་ངོས། རྒྱལ་ལྷ་ཁང་། བྱང་ར་སྒྲེང། བྱང་ཀོང་དགོན་པ། བྱང་ལྟག་ལུང་སོགས་ལ་གསུང་ངག་ལམ་འབྲས། སྦྱོར་དྲུག། དམར་ཁྲིད། ཨུ་རྒྱན་བསྙེན་སྒྲུབ། ནི་གུ་ཤིན་ཏུ་སྤྲོས་མེད་སོགས་ཁྲིད་ཁ་ཞུ་བ་སུམ་བརྒྱ་བཞི་བརྒྱ་སོགས་ཁྲིད་པ་མང་པོ་ལ་གནང། རབ་བྱུང་བསྙེན་རྫོགས། དབང་ལུང་བཤད་པ་བསམ་གྱིས་མི་ཁྱབ་པ་གནང། དགེ་འདུན་མཐའ་ཡས་པས་དཀྱིལ་འཁོར་སུམ་བཅུ་ཕྱི་ནང་ཞལ་ཕྱེ་པའི་སྒྲུབ་མཆོད་ཞག་མང་བའི་ཞབས་ཏོག་འབུལ་བ་ལོ་རེ་བཞིན་མཛད་པ་དང། བཀའ་འགྱུར་རོ་ཅོག་གསེར་ལས་གྲུབ་པ། ས་སྐྱ་བཀའ་འབུམ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་སྒྲུབ་པ་དང། སློབ་གཉེར་བ་ལ་གནང་སྦྱིན། སྐྱེ་བོ་ལ་སྦྱིན་གཏོང། གདན་ས་ཆེན་མོས་གཙོ་མཛད་དགེ་འདུན་མང་པོ་ལ་བསྙེན་བསྐུར། རྗེ་ས་སྐྱ་པ་ཡབ་སྲས་དང་ཆོས་རྗེ་བླ་མ་སགས་སགས་གཟིགས། བདེ་དགྱེས་སོགས་ཡི་དམ་མང་དུ་ཞལ་གཟིགས། མངོན་ཤེས་མངའ། རྣལ་ལམ་གསལ་བསྒྱུར་ལ་དབང་ཐོབ། བསྟན་གསུངས་བྲལ་དུ་འཁོལ། རྣམ་གཡེང་གིས་མི་རྫི་བའི་ཏིང་ངེ་འཛིན་མངའ་བ་སོགས་མཐའ་ཡས་སོ། ཏྲ་མིང་རྒྱལ་པོས་གདན་དྲངས་ཏྲཱི་ཤཱི་མཛད། དེ་ལ་གླང་ལོ་དྲུག་བཅུ་རེ་བཞི་པ་ཆུ་ཕོ་འབྲུག་ས་ག་ལ་དཔལ་ལྡན་ས་སྐྱ་ནས་གཏེགས། སྦྲུལ་ལོ་དབོའི་ཟླ་བའི་ཚེས་ལྔ་ལ་གནམ་མཐའི་ཕོ་བྲང་གསེར་ཁང་དུ་ཕེབས། ཏྲི་ཤཱི་མཛད་གོང་མཉེས། བོད་ཆོལ་ཁ་གསུམ་འཕུལ། དེ་ནས་ཕོ་བྲང་ཏ་ཏུར་ཕེབས། ནོར་བུ་ལ་བྱ་སའི་ཐང་ཁ་ཆེན་མོ། དབྱང་སྔོའི་ཕྱག་དམ་ཆེ་ཆུང། གསེར་ཀྱི་འཇའ་ས། གསེར་སྲང་བརྒྱ་ཕྲག་དུ་མ་ལས་བཟོས་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། དངུལ་བྲེ་ཆེན་ཉི་ཤུ་ལ་བྱ་སའི་མཎྜལ་བརྒྱན་ཆེ་མ་དང། དངུལ་བྲེ་ཆེན་བཞི་ལ་བྱ་སའི་མཎྜལ་ཆུང་བ། གསེར་དངུལ་བྱེ་རུ་ཤིར་ཤིང་ཚུན་ཤེལ་སོགས་རིན་པོ་ཆེ་ལས་གྲུབ་པའི་སྐུ་མང་པོ། གསེའུ་དང། ཟ་འོག་ཐགས་ལ་སོགས་པའི་ཐང་སྐུ་ཚད་མེད་པ་དང། རིན་པོ་ཆེའི་དབུ་ཞྭ་མང་པོ། མུ་ཏིག་གི་རྣམ་སྦྱར། གོས་དར་གྱི་ནམ་བཟའ་མཐའ་ཡས། གསེར་དངུལ་གྱི་བསོལ་