R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༥༨
[A:༢༥༨]དང༌། མཆོད་འབུལ་ལ་སོགས་པའི་སྒོ་ནས་འཁོར་བ་མཐའ་ཅན་དུ་འགྱུར་བའི་ཐབས་ལ་མཁས་པས་སེམས་ཅན་མང་པོའི་དོན་མཛད་དེ་མཐར་དགུང་ལོ་དགུ་བཅུ་ཙམ་བཞེས་པ་ན། ལོ་བརྒྱ་ལྷག་ཙམ་སྡོད་བསམ་པ་ཡིན་ནའང་གདན་ས་ཆེན་པོའི་དམག་འཁྲུག་བྱེད་པ་སོགས་མི་འོས་པ་དུ་མ་མཐོང་བར་འདུག་པས་འགྲོ་བ་ཡིན་གསུང༌། སྐྱེ་འཆི་ལ་རང་དབང་ཐོབ་པས་སྐུ་ལ་སྙུན་མི་མངའ་བཞིན་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །དེའི་གཅུང་པོ་ནི་གྲུབ་པའི་དབང་ཕྱུག་ཀུན་དགའ་རྒྱ་མཚོ་སྟེ་འདིས་ཀྱང་གཞོན་ནུ་ལ་རབ་ཏུ་བྱུང༌། རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་རིན་ཆེན་ལྡན་དང༌། ཉི་ལྡེབ་ངག་དབང་གྲགས་པ་སོགས་བསྟེན་ནས་དམ་པའི་ཆོས་ཀྱིས་རྒྱུད་ཕྱུག་པར་མཛད། ཁྱད་པར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་དང༌། སྦྱོར་བ་ཡན་ལག་དྲུག་པ། ཨུ་རྒྱན་བསྙེན་སྒྲུབ་རྣམས་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ཅིང་ནན་ཏན་གྱིས་ཉམས་སུ་བླངས་པས་ཉམས་དང་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་འོད་གསལ་ཁོར་ཡུག་ཏུ་ཤར་བས་དཔའ་ལུང་གི་གཟིམས་ཁང་མུན་པ་ནག་གེ་བ་ཞིག་ཏུ་ལུང་གནང་བ་ན་གཞན་རྣམས་ཀྱིས་མི་ངོ་ཡང་མི་ཤེས་པའི་ཚེ། རྗེ་འདིས་ཕྱག་དཔེ་སྔར་བཞིན་དུ་བཀླགས་པས་དྲུང་ན་ཡོད་པ་རྣམས་ཀྱིས་ས་ནི་སྲོས་གདའ། ད་དུང་ཕྱག་དཔེ་གཟིགས་ཀྱི་ཡོད་ལགས་སམ་ཞུས་པས། ས་སྲོས་གདའ་འམ་འོ་ན་སྡུད་དགོས་གསུང་བ་སོགས་ཉིན་མཚན་ཁྱད་མེད་པའི་སྣང་བ་མངའ། གཞན་ཡང་སྐབས་ཤིག་སྒོ་རུམ་མགོན་ཁང་དུ་གཏོར་མ་འབུལ་བ་མཛད་དེ་ཕྱིར་ཕེབས་པ་ན་མི་ནག་པོ་དུང་ལོང་སྐྱ་ཁྲམ་མེ་བ་ཞིག་གིས་མ་ད་