R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༡༩
[A:༣༡༩]ལམ་གཡེང་བ་བཏང་སྙོམས་ལུས། །དུག་གསུམ་གཡུལ་དུ་འཇོམས་པར་དཔའ་བ་ཁྱོད། །ས་གསུམ་འབྱུང་པོ་འདུལ་བ་སྙིང་ལས་བྲལ། །སྲིད་གསུམ་འཇོམས་པ་རྡོ་རྗེའི་མདའ་བོ་ཆེ། །ཁམས་གསུམ་འདི་ནས་བཟློག་ནུས་སུ་ཞིག་ཡོད། །དེས་མཚོན་ནས་གཏོར་མ་དྲག་པོ་སོགས་ནམ་མཛད་ཀྱང་བླ་འཁྱམས་ཀྱི་སྐད་ཡ་ང་བ་བྱུང་བ་དང་གཏོར་མའི་ཁྲོད་ནས་མེ་ཆེན་པོ་འཕྲོ་བ་སོགས་ཐམས་ཅད་མཐོང་ཞིང་ཐོས་པར་འབྱུང་བ། ཇོ་ནང་དུ་བཞུགས་པའི་ཚེ་མ་རབས་ཤིག་གིས་མགོན་གཡག་བརྐུས་པ་ན་རྐུན་པོ་དེའི་བུ་གཅིག་པོ་ཤིན་ཏུ་གཅེས་པ་ཞིག་ཡོད་པ་དེ་མ་ཐག་མེས་རྒྱུ་ལྟོ་འཚིག་ནས་ཤི་བ་དང༌། བདེ་ཆེན་དུ་བཞུགས་པའི་ཚེ་བདེ་གཟར་གྱི་འཁྲུག་ལོང་ཞིག་གི་སྐབས་ལྷ་རྩེ་ཞོལ་བའི་སྐྱས་བདེ་ཆེན་བླ་བྲང་དུ་བྱས་པ་རྣམས་འདོན་པ་ཡིན་ཟེར་མ་རུངས་བ་ཁ་ཅིག་གིས་བླ་བྲང་ལ་འཚང་བ་སོགས་སྤྱི་མཆོད་དམའ་འབེབས་པའི་བྱ་བ་མང་པོ་བྱས་པའི་ཚེ། འདི་ཙམ་ཡང་བསྟན་པ་དང་སེམས་ཅན་ལ་གནོད་པར་དགོངས་ནས་དུས་གཏོར་ཞིག་གི་ཚེ། བསྐང་གཏོར་ཞིག་དེ་ཕྱོགས་ལ་རྩེ་སྟོན་ལ་ཞོག་གསུང༌། རྗེ་ཉིད་དྲིལ་བསིལ་ངང་ནས་ལས་མགོན་གྱི་བསྐུལ་ཞིག་མཛད་ཀྱི་འདུག་པ། དེ་ནས་ཧ་ཅང་མི་རིང་བ་ན་ཉམས་པ་དེ་རྡོ་རྗེ་མི་བསྐྱོད་པའི་ཞིང་དུ་སོང་ཞེས་ཐོས་ཏེ། དམ་ཅན་རྣམས་བྲན་དུ་འཁོལ་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་མོད། ཐམས་ཅད་བྲི་བར་མ་ནུས་ཤིང༌། འགའ་ཞིག་འོག་ནས་ཀྱང་སྟོན་པར་འགྱུར་རོ། །ཐུགས་དམ་གཏོར་མ་ལ་སོགས་པའང་སྲུང་མ་རྣམས་ཀྱིས་དངོས་སུ་ལེན་པར་སྣང་སྟེ། ཐེངས་ཤིག་བོ་དོང་ཨེར་སྐུ་མཚམས་ལ་བཞུགས་བཞིན་པའི་ངང་ལས་སྦྱིན་བདག་ཆེན་པོས་རྫོང་དུ་སྤྱན་དྲངས་པའི་ཚེ་ནམ་ལ་