R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༨༡
[A:༢༨༡]ལ་ཉིད་ཀྱིས་གསོལ་བ་འདེབས་པ་པོ་མཛད་དེ། གདན་ས་ཆེན་པོར་དད་པ་དང་ལྡན་པ་བཞི་བརྒྱ་ཙམ་དང་ལྷན་ཅིག་ཏུ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གཞུང་ཁྲིད་ཤིན་ཏུ་རྒྱས་པ། ལམ་ཟབ་བླ་མའི་བྱིན་རླབས། བིར་བསྲུང་གཉིས་དང་བཅས་པ། འཁོར་ལོ་སྡོམ་པ་དྲིལ་བུ་ཕྱི་དཀྱིལ་དུ་གྲགས་པ་ལྷ་ལྔ། ལྭ་བའི་ཞབས་ཀྱིས་བཀྲལ་བའི་བདེ་མཆོག་སྦྱངས་པའི་ཡོན་ཏན་ལྷ་བཅུ་གསུམ། སྡོམ་པ་བོང་ཞལ་ཅན་ལྷ་སོ་བདུན་རྣམས་ཀྱི་དབང༌། ཕག་མོ་ཞལ་གཉིས་མ་དང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། རྗེ་བཙུན་ས་སྐྱ་པའི་ཐུགས་དམ་གྱི་སྙིང་པོ་དཔལ་རྡོ་རྗེ་གཞོན་ནུའི་སྟོད་ལས་བྱང་ཆུབ་བསྒྲུབ་པ་དང༌། སྨད་ལས་དྲག་པོ་སྒྲོལ་བའི་དབང༌། དཔལ་ཡང་དག་ཟླ་གམ་གཅིག་པ་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་དབང་སྟེ་ཡང་ཕུར་རྣམ་པ་གཉིས། འཁོར་ལོ་སྡོམ་པ་ཆེན་པོ་འཕྲེང་བ་དང་སྒོ་མཐུན་པའི་དབང༌། ས་སྐྱ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་པ། སྒྲོལ་མ་ཕྱི་དཀྱིལ། སྒྲོལ་མ་ལུས་དཀྱིལ་ལྷ་ཉེར་ལྔའི་དབང༌། བཅུ་གཅིག་ཞལ་ལྷ་སོ་བདུན་དང༌། ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང༌། འཇམ་དབྱངས་སྨྲ་བའི་སེང་གེ །འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ། གུར་ནས་གསུངས་པའི་འབྱུང་པོ་འདུལ་བྱེད། ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་ལྔ་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྷ་བཅུ་གཉིས་མ་བྲན་བདུད་གཤིན་རྗེ་ནག་པོ། ལས་ཀྱི་གཤིན་རྗེ་ལྷ་བཅུ་གསུམ་མ་རྣམས་ཀྱི་རྗེས་སུ་གནང་བ་དེ་དག་སོ་སོ་དང་འབྲེལ་བའི་ཡི་གེའི་ལུང་མང་པོ། རྟ་ནག་ཀུན་མཁྱེན་པའི་སྔགས་ཕྱོགས་ཀྱི་བརྩམས་ཆོས་ཕལ་ཆེ་བ་ཡང་གསན། མང་དུ་གསན་པའི་དོན་ཐམས་ཅད་ལ་རིང་དུ་སྦྱངས་པའི་མཁས་པ་ཆེན་པོ་མངའ་རིས་བཞི་སྡེ་པ་འཇམ་པའི་དབྱངས་ནམ་མཁའ་བརྟན་པའི་དྲུང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རྭ་