R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༧༢
[A:༢༧༢]ལམ་སྐོར་ཕྱི་མ་བརྒྱད་རྗེ་གྷ་ཡ་དྷ་ར་ནས་བརྒྱུད་པའི་མགོན་པོ་དཔའ་བོ་གཅིག་པའི་རྗེས་སུ་གནང་བ་རྣམས་དང༌། དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་ལ་རྗེ་བཙུན་གོང་མའི་ཡི་གེ་རྣམས་དང༌། ཤར་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་དག་ལྡན་ཁ་སྐོང་སྤྱི་དོན་ལུང་འགྲེལ་རྣམས་ཀྱི་སྟེང་ནས་མན་ངག་ལུགས་ཀྱི་བཤད་བཀའ་ཡོངས་སུ་རྫོགས་པར་གསན་ཞིང༌། ཚིག་དོན་ཐམས་ཅད་ཇི་ལྟ་བར་ཐུགས་སུ་ཆུད་པ་ཡིན་ལ། དེ་བཞིན་དུ་གྲུབ་ཆེན་ཌོམྦྷི་པའི་ལུགས་ཀྱི་སྙིང་པོ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་གསན་ནས་འགྲེལ་པ་ཀཽ་མུ་ཏི། དཀྱིལ་ཆོག་བཟང་པོ་ཡོངས་བཟུང་སྒྲུབ་ཐབས་རིན་ཆེན་འབར་བ་རྣམས་ཀྱི་ལུང་དང༌། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་སྒྲུབ་ཐབས། འགྲེལ་པ་པདྨ་ཅན། དཀྱིལ་ཆོག་ནས་གླིང་མ། བསྟོད་པ་ཉི་ཤུ་པ་ཚོགས་འཁོར་དམ་ཚིག་ལྔ་པ་རྣམས་ཀྱི་ལུང༌། སློབ་དཔོན་དམ་ཚིག་རྡོ་རྗེའི་ལུགས་ཀྱི་དཔལ་ཀྱེ་རྡོ་རྗེ་སྐུ་གསུང་ཐུགས་སྙིང་པོ་སྟེ་ཧེ་རུ་ཀ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནོས་ནས་འགྲེལ་པ་རྣལ་འབྱོར་རིན་པོ་ཆེའི་སྦྱོར་བའི་འཕྲེང་བ། སྒྲུབ་ཐབས་དེ་ཉིད་གསལ་བ་ལ་སོགས་པ་ལུགས་དེའི་རྒྱ་གཞུང་རྣམས་རྫོགས་པར་གསན། གཞན་ཡང་ཤེས་རབ་ཀྱི་རྒྱུད་ལས། དཔལ་འཁོར་ལོ་སྡོམ་པ་ནག་པོའི་ལུགས། དྲིལ་བུ་ལུས་དཀྱིལ། དཔལ་མཁའ་འགྲོ་རྒྱ་མཚོ། དཔལ་རྡོ་རྗེ་གཞོན་ནུས་ལུགས། སྒྲོལ་མ་བཅུ་བདུན་མ་རྣམས་ཀྱི་དབང་བསྐུར་བ་དང༌། ཐབས་ཀྱི་རྒྱུད་ལ། གཤིན་རྗེའི་གཤེད་ཞལ་གསུམ་པ། གཞོན་ནུ་གདོང་དྲུག་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་ཀྱིས་བསྐོར་བ་སྟེ། རྭ་ལུགས་ཀྱི་ནག་པོ་སྐོར་གསུམ་གྱི་དབང༌། འཆི་བདག་ལས་ཀྱི་གཤིན་རྗེ་དཔའ་བོ་གཅིག་པའི་