R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༦༥
[A:༢༦༥] གཞན་ཡང་འཇམ་དབྱངས་ཨ་ར་པ་ཙ་ན། སྤྱན་རས་གཟིགས་སྐྱེར་སྒང་པའི་ལུགས། ཕྱག་ན་རྡོ་རྗེ་ཨུ་ཙརྻ། སྒྲོལ་མ་སྔོ་ལྗང་རྣམས་ཀྱི་རྗེས་སུ་གནང་བ་དང༌། སྒྲོལ་མའི་གཟུངས། ཕྱག་འཚལ་ཉི་ཤུ་རྩ་གཅིག་པ་ལ་སོགས་པ་ལྷ་དེ་དག་དང་རྗེས་སུ་འབྲེལ་བའི་ཡི་གེ་ཕྲ་མོ་རྣམས་ཀྱི་ལུང༌། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་ལས་ཉེ་བར་མཁོ་བ་འགའ་ཞིག་སོགས་ཆོས་ཀྱི་རྣམ་གྲངས་མང་པོ་ཞིག་གསན་པར་མཛད། དགུང་ལོ་བཅུ་གསུམ་པ་ལ་སྡེ་སྣོད་ཀྱི་ཆོས་ལ་ཐོས་བསམ་མཛད་པར་བཞེད་ནས་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་བྱིན་རླབས་ཞུ་བ་ལ་བྱོན་པའི་ཚེ་གཟིམས་ཁང་དམར་མོ་ལ་ཞིག་གསོས་མཛད་པའི་ཀ་བ་བཙུགས་ཀ་དར་བཏགས་པ་ཙམ་དང་ཐུག་པས་ཆོས་ཀྱི་རྒྱལ་པོའི་གསུང་གིས་རྟེན་འབྲེལ་བཟང༌། ཁྱོད་ལ་སངས་རྒྱས་ཀྱི་བསྟན་པའི་ཀ་བ་ཚུགས་པ་ཞིག་འབྱུང་ཞེས་ལུང་བསྟན་ཐོབ་པར་དགྱེས་བཞིན་དུ་དཔལ་བོ་དོང་ཨེའི་ཆོས་གྲར་ཕེབས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ལྡན་རིན་ཆེན་ཞེས་བྱ་བ་མཉེས་པར་མཛད། དེ་ནས་ལོ་གསུམ་གྱི་བར་དུ་འཇད་ཀྱི་མེ་ལུང་དགོན་པ་དང༌། ཤངས་ལ་སོགས་པ་ཆོས་གཞི་གར་ཕེབས་ཀྱི་རྗེས་སུ་འབྲངས་ནས་ཚད་མ་བསྡུས་པ་ལ་མཁས་པར་སྦྱངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དོན་གསལ་དང་བཅས་པའི་ཊཱིཀྐ་ཀུན་མཁྱེན་ནམ་མཁའ་བསོད་ནམས་ཀྱི་གསུང་སྒྲོས་མའི་སྟེང་ནས་བཤད་པ་རྫོགས་པ་དང༌། སྤྱིའི་དོན་དང༌། དཀའ་བའི་གནད་ཀྱི་བཤད་པ་མཐའ་དག་ཀྱང་ལེགས་པར་གསན་ཞིང་སྦྱངས་ནས་ཐུགས་སུ་ཆུད་པར་མཛད། འཇམ་པའི་དབྱངས་དཀོན་མཆོག་བཟང་པོས་མཛད་པའི་ཊཱིཀྐའི་སྟེང་ནས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བཤད་པ་དང༌། ཀུན་མཁྱེན་ནམ་བསོད་