R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༨༠
[A:༣༨༠]པའི་སློབ་དཔོན་སངས་རྒྱས་རྒྱལ་མཚན་པ་སོགས་གཞི་བྱེས་བླ་མ་སློབ་དཔོན། གྲྭ་པ་སྦྱིན་བདག་དད་པ་དང་ལྡན་པ་རྣམས་ཀྱིས་རང་རང་གི་བློ་འཁོབས་དང་བསྟུན་པའི་མཆོད་པ་དང་བསྙེན་བཀུར་བ་བགྱིས། ཚེས་བཅུ་བདུན་གྱི་ཉིན་དཔལ་བོ་དོང་ཨེའི་མཁན་སློབ་དགེ་འདུན་དང་བཅས་པ་བརྒྱད་བརྒྱ་ལྷག་ཙམ་གྱིས་དཔལ་ཀུན་རིག་དང་སྨན་བླའི་ཕྱག་མཆོད་རྒྱས་པར་མཛད་པའི་ཚེ་ཉིན་ཐུབ་ཀྱི་བསྙེན་བཀུར་དུས་གསུམ་ཁེབས་པ། སོ་སོར་འབུལ་འགྱེད་དང་བཅས་པའི་རྣམ་གཞག་རྒྱ་ཆེ་བར་བསྒྲུབས་ཤིང༌། སྦྱིན་པའི་བདག་པོའི་མངའ་ཞབས་སུ་གཏོགས་པའི་སྐྱེ་བོའི་ཚོགས་ཕྱོགས་ཀྱི་སློང་མོ་བ་ཤིན་ཏུ་མང་ཆེས་པ་རྣམས་དང་བཅས་པ་རྣམས་ལའང་ནས་མར་རྟ་དྲེལ་ལ་སོགས་པའི་འགྱེད་དང་སྟོན་མོ་རྒྱ་ཆེར་མཛད། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ། ཁའུ་སྐྱེད་ལྷས་དཔལ་ཇོ་མོ་ནང༌། འདར་སྟོད་གྲང་མོ་ཆེའི་ཆོས་གྲྭ་ཆེན་པོ། པ་རྣམ་བསམ་སྡིངས། ཉང་སྟོད་རྒྱལ་ཁང་ཆོས་སྡེ། བྱ་རྒོད་གཤོངས་རྣམས་དང༌། པདྨ་ཆོས་སྡིངས་སོགས་ཉེ་འཁོར་གྱི་དགོན་པ་ཆུང་ངུ་ཐམས་ཅད་ལའང༌། སོ་སོར་མང་ཇ་གདན་ནོན་བླ་མ་སོ་སོའི་འབུལ་བ། འགྱེད་གཙུག་ལག་ཁང་སོ་སོར་མཆོད་པ་སོགས་ཕུན་སུམ་ཚོགས་པ་བསྒྲུབས་ཏེ། དེ་དག་གི་དངོས་པོ་ཐམས་ཅད་ཀྱང༌། བདག་གི་བླ་མ་འདི་ནི་དངོས་པོ་གྱ་ནོམ་པ་གསེར་དངུལ་ནས་བཟུང་གསོལ་བ་བཞེས་འཕྲོ་ཚུན། དེ་དང་དེ་སྤྱན་ལམ་དུ་ཕབ་ཙམ་མ་གཏོགས་པ་འདི་དང་འདི་ཞེས་ཞག་གསུམ་ཡང་མི་འཛིན་ན། རྩིས་འཁྲི་སྦྲི་འཁྱོན་སོགས་སྡེ་དཔོན་གྱི་མཛད་པ་དང་བསྟུན་པའི་ཆེད་གཉེར་ག་ལ་མཛད། བྱུང་བ་དང་གནང་ཚར་བ་མཉམ་པོ་ཞིག་ལས་མི་ཡོང་བ་རྟེན་དང་ཕྱག་དཔེ་ཙམ་ལས་