R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༦༢
[A:༣༦༢]སོན་ཞིང་གཞལ་དུ་སོན་པའི་ཡོན་ཏན་རིན་པོ་ཆེའི་ཕུང་པོ་ལ་དབང་འབྱོར་པའི་མཁས་བཙུན་གྲུབ་བརྙེས་སྒོ་རུམ་དབོན་རིན་པོ་ཆེ་ངག་དབང་བརྟན་པའི་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་སྒྱུ་ལུས་རྨི་ལམ་ལ་རང་དབང་བརྙེས་ཤིང་བླ་མ་དང་ལྷག་པའི་ལྷ་དུ་མ་ལས་དངོས་སུ་སྣང་བ་ཐོབ་པ་ངེས་པར་གྲུབ་པའི་དབང་ཕྱུག་བསམ་སྡིངས་པ་མཁན་རིན་པོ་ཆེ་སངས་རྒྱས་སེང་གེའི་ཞལ་སྔ་ནས། བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་གདུང་བརྒྱུད་དྲི་མ་མེད་པར་འཁྲུངས་ཤིང་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་མཛེས་པ་གྲོམ་སྟོད་ཁའུའི་བྲག་རྫོང་གི་གདན་ས་པ་ལྷ་བཙུན་ཆོས་ཀྱི་རྗེ་ཤཱཀྱ་གྲགས་པ་རི་ཁྲོད་ཇོ་ནང་དུ་རྗེ་ཉིད་ཀྱི་གདན་ས་ལ་བཞུགས་པ་མཁན་ཆེན་ནམ་མཁའ་བཟང་པོ་བ། རིག་པའི་གནས་ལྔ་ལ་མ་རྨོངས་ཤིང༌། མང་པོ་གསན་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ནས་སྐལ་ལྡན་རྣམས་ལ་ཆོས་ཀྱི་སྦྱིན་པ་ལྷུག་པར་སྩོལ་བའི་དཔལ་ཡོན་ཅན། ལྡན་གྲོལ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་བདག་གི་བླ་མ་རུ་ཐོག་པ་བླ་ཆེན་འཇམ་པའི་དབྱངས་ནམ་མཁའ་གཟི་བརྗིད་ཀྱི་ཞལ་སྔ་ནས། སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་སོན་ཞིང་རྒྱུད་གསུམ་མན་ངག་དང་བཅས་པ་ལ་སོགས་པའི་ཆོས་ཀྱི་འཁོར་ལོས་དབུས་གཙང་གི་ལྗོངས་མཛེས་པར་མཛད་པ་རྟ་མོ་གླིང་ཁའི་གདན་ས་པ་མཁས་པ་ཆེན་པོ་ནམ་མཁའ་དབང་ཕྱུག་པ། ཆོས་གྲྭ་ཆེན་པོ་ངམ་རིངས་ཀྱི་སེང་གེའི་ཁྲི་ལ་ཞབས་ཀྱི་པདྨ་ངལ་གསོ་བའི་མཁན་པོ་པཎ་ཆེན་བཟང་པོ་བཀྲ་ཤིས་པ། ཐུབ་བསྟན་རྣམ་པར་རྒྱལ་བའི་མཁན་ཆེན་འབུམ་རབ་འབྱམས་པ་དཔལ་ལྡན་རྒྱལ་མཚན་པ། མཉན་ཡོད་བྱ་རྒོད་གཤོངས་སུ་སྡེ་སྣོད་ཀྱི་བསྟན་པ་ཉིན་མོ་ལྟར་མཛད་