R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༦༣
[A:༣༦༣]པའི་མཁན་ཆེན་ལུང་དང་རིགས་པ་སྨྲ་བའི་ཁྱུ་མཆོག་བློ་གྲོས་རྣམ་རྒྱལ་བ། ཐུབ་བསྟན་ཡངས་པ་ཅན་དུ་སྡེ་སྣོད་ཀྱི་བཤད་པ་ཡུན་རིང་དུ་མཛད་པས་བསྟན་པ་འཛིན་ནུས་པའི་དགེ་བའི་བཤེས་གཉེན་གྲངས་མེད་པ་བསྐྲུན་པར་མཛད་པའི་སློབ་དཔོན་མཁས་བཙུན་ཤཱཀྱ་དོན་ཡོད་པ། ཐུབ་བསྟན་རྣམ་རྒྱལ་གྱི་ཆོས་གྲར་སྡེ་སྣོད་ཀྱི་བཤད་གྲྭ་སྐྱོང་བའི་སློབ་དཔོན་རིགས་པའི་ང་རྒྱལ་ཅན་རྟག་པ་རབ་འབྱམས་པ། ཐུབ་བསྟན་གསེར་མདོག་ཅན་གྱི་ཤངས་པ་གྲྭ་ཚང་གི་སློབ་དཔོན་དཀའ་བཞི་འཛིན་པ་ཉི་མ་པ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་དབང་ལུང་མན་ངག་དུ་མའི་ཆོས་འཁོར་བསྐོར་བར་མཛད་པ་སྐྱེད་འཕྲེང་ཆོས་རྗེ། གོ་ཆ་དང་སྦྱོར་བའི་བརྩོན་འགྲུས་ཕུལ་དུ་བྱུང་བས་མང་དུ་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་རྗེ་བཙུན་ས་སྐྱ་པ་གོང་མ་ལྔའི་བཀའ་འབུམ་རྫོགས་པ་ཉིད་ཀྱིས་ཕྱག་བྲིས་སུ་མཛད་དེ། ལུང་ཚར་བཅུ་གསུམ་གནང་བ་སོགས་བསྟན་པའི་བྱ་བ་ལ་ངལ་བ་མེད་པའི་རྡོ་རྗེ་འཛིན་པ་ཆོས་ཀྱི་རྗེ་བདེ་བར་གཤེགས་པའི་བཀའ་འགྱུར་རོ་ཅོག་ལ་སོགས་པ་མང་དུ་ཐོས་པའི་དབང་ཕྱུག་རྩེ་ཆེན་ཀུན་མཆོད་སྤེ་བ་སློབ་དཔོན་ཆེན་པོ་བཀྲ་ཤིས་སེང་གེ་བ། ནོར་བུ་སྒང་པའི་སློབ་དཔོན་ནམ་མཁའ་དཔལ་འབྱོར་བ། བཀྲ་ཤིས་གླིང་གི་སློབ་དཔོན། ཕྱིས་སུ་ས་སྐྱ་འཁོན་གྱི་གདུང་བརྒྱུད་ཀྱི་སློབ་དཔོན་པ་འཇམ་དབྱངས་བཤེས་གཉེན་པ། རྒྱང་ཆོས་སྡེའི་སློབ་དཔོན་རྣལ་འབྱོར་དབང་ཕྱུག་སངས་རྒྱས་རྒྱལ་མཚན་པ། དེའི་གདན་ས་མདོ་སྔགས་གཉིས་ལ་མཁས་པ་སངས་རྒྱས་བཟང་པོ་བ། བོ་དོང་ཨེའི་ཆེན་པོ་སྟག་སྡེ་བ་བློ་གྲོས་རྒྱལ་མཚན། རྟ་ར་བ་ནམ་མཁའ་དོན་གྲུབ་གཟིམས་བྱང་སློབ་དཔོན་བློ་གྲོས་མཚུངས་མེད་སོགས་