R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༥
[A:༢༢༥]ཏན་ཆུ་གཏེར་ཡོངས་སུ་གང༌། །མཁས་དང་གྲུབ་པའི་ཆུ་ཀླུང་འབུམ་ཕྲག་སྤྲོས། །བསྟན་དང་འགྲོ་བའི་ཕན་བདེའི་ལོ་ཏོག་ནི། །ཕྱོགས་བཅུར་རྒྱས་པའི་དགའ་སྟོན་འདི་རྨད་དོ། །ཞེས་པའོ། །བཞི་པ་ཞིང་འདིའི་མཛད་པ་མཐར་ཕྱིན་པའི་རྗེས་སུ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ཏེ། ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་མངོན་དུ་མཛད་པའི་ཚུལ་ནི། དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་ལྷུར་མཛད་བཞིན་པའི་ངང་ནས་དགུང་ལོ་བདུན་ཅུ་རྩ་དྲུག་བཞེས་པའི་ཉི་གྲོལ་ཞེས་བྱ་བ་ཤིང་ཕོ་སྤྲེའུའི་ལོ། །སྤྱིར་ས་གཡོ་བ་དང་དུས་མ་ཡིན་པའི་རླུང་ཆེན་པོ་ལྡང་བ་དང༌། སྒྲ་འོད་ལ་སོགས་པའི་རྣམ་པ་མང་དུ་བྱུང་ཞིང༌། རྗེ་ཉིད་ཀྱང་ཞིང་གཞན་དུ་འབྱོན་པའི་གསུང་འབའ་ཞིག་གནང༌། ལྷག་པར་ལན་ཅིག་མདང་རྨི་ལམ་དུ་འཇའ་ཚོན་གྱི་ཁང་པ་གསུམ་རིམ་གྱི་བར་མ་ན་ང་རང་འདུག་པ་ལ་ཟུར་བཞི་ནས་བུད་མེད་བཞིས་བཏེག་ནས་འོག་མིན་དུ་འགྲོ་བ་ཡིན་ཟེར་མཐོན་པོ་ཞིག་ནས་ཡེ་རེ་རེ་འགྲོ་བའི་རྨི་ལམ་ཞིག་བྱུང༌། རྨི་ལམ་རང་ཡིན་འོག་མིན་ལ་ཆེད་དུ་སྟེང་ངོས་སུ་འགྲོ་རང་ཅི་དགོས་གསུང༌། ཡང་དེང་སང་སྣང་བ་ཐམས་ཅད་འོད་གསལ་འབའ་ཞིག་ཏུ་ཐིམ་འགྲོ་བ་དང༌། རེས་འགའ་དེའི་ངང་ལས་ཡིག་འབྲུ་དམར་ལྗང་གི་རྣམ་པར་ཁྲིག་གིས་འཆར། ཀློག་པའི་འདུན་པ་བྱས་ཙ་ན་ཡལ་འགྲོ་བར་འདུག་གསུང་པ་སོགས་ལ་ཐེ་ཚོམ་དུ་གྱུར་ཏེ། བདག་གིས་སྤྱིར་བསྟན་པ་དང་སེམས་ཅན་གྱི་དོན་དང་ལྷག་པར་བདག་ཅག་མགོན་སྐྱབས་གཞན་མེད་པའི་འགྲོ་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་ནས་ཞབས་ཀྱི་པདྨོ་ཡུན་རིང་དུ་བརྟན་པའི་ཐུགས་འདུན་ཅིས་ཀྱང་གནང་དགོས་ཞུས་