R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༣༡
[A:༢༣༡]དཔལ་བཟང༌། ཀུན་མཁྱེན་ཆེན་པོ་དོལ་བུ་བའི་ཆོས་ཀྱི་ཁྲི་ལ་ཞབས་སེན་བཀོད་པ་རྡོ་རྗེ་ཐེག་པའི་གསང་བ་མཐའ་དག་གི་བང་མཛོད། ལྷག་པར་རྗེ་ཉིད་ཀྱི་གསུང་གི་བདུད་རྩིའི་གཏེར་འཆང་བའི་མཁས་གྲུབ་ཆེན་པོ་རྗེ་བཙུན་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། ཐུབ་བསྟན་གསེར་མདོག་ཅན་གྱི་ཀློག་པ་བ་རྣམས་ཀྱི་གཙུག་རྒྱན་མཛད་དེ། ད་ལྟ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་སྤྲུལ་གླང་རི་ཐང་པ་ཆེན་པོའི་ཆོས་ཀྱི་ཁྲི་ལ་བཞུགས་པ་མཁྱེན་བརྩེའི་མངའ་བདག་སྤྱན་སྔ་རིན་པོ་ཆེ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ། སྡེ་སྣོད་རྒྱ་མཚོའི་དོན་སྨྲ་བ་རབ་འབྱམས་པ་དོན་ཡོད་གྲུབ་པ། རིག་པའི་རྡོ་རྗེས་ལོག་སྨྲའི་བྲག་རི་གཞོམ་བའི་ང་རྒྱལ་ཅན་ལྕང་ར་རབ་འབྱམས་པ་བློ་གྲོས་བཟང་པོ་སྟེ་གསེར་མདོག་ཅན་གྱི་མཁན་པོ་རིམ་པ་གསུམ་གཞན་ཡང་ཆོས་གྲྭ་དེའི་སློབ་དཔོན་ལས་ཆེན་རབ་འབྱམས་པ་ཡེ་ཤེས་ལྷུན་གྲུབ། ནམ་མཁའ་རིན་ཅེན་པ། ཕྱུག་གྲོང་ཆོས་རྗེ། འབུམ་རབ་འབྱམས་པ་དགེ་འདུན་ཉི་མ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་ཧྲགས། བྱང་བདག་པོའི་ཏི་ཤྲི་མཛད་ཅིང་མུས་གླིང་ཁ་བདེ་བ་ཅན་གྱི་གདན་ས་ལ་བཞུགས་པ་དེམ་དཀར་རབ་འབྱམས་པ། ཆོས་གྲྭ་ཆེན་པོ་ནཱ་ལེནྡ་དང་གླང་ཐང་གི་སློབ་དཔོན་མུས་པ་རབ་འབྱམས་པ་དཀོན་མཆོག་གྲགས་པ། གསང་ཕུ་ནེའུ་ཐོག་གི་སློབ་དཔོན་ཞ་ལུ་པ་སྨོན་ལམ་པ་དང༌། སངས་རྒྱས་བཀྲ་ཤིས་པ། ལེགས་ཤེས་པ། རྗེ་ཉིད་ཀྱི་སྙན་བརྒྱུད་འཛིན་པ་བྱ་ཡུལ་གདན་ས་པ་གུག་སྣ་རབ་འབྱམས་པ་སོགས་ཆེ་བ་དང་མཁས་པའི་གྲགས་ཐོབ་པ་མང་པོ། ལྷ་འདྲེ་མི་གསུམ་