R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༩༥
[A:༡༩༥]གར་གྱིས། །འཁྱུད་པའི་མཛའ་བ་བྱིན་པའི་བཀའ་དྲིན་ལས། །བཅུ་དྲུག་དགའ་བའི་དཔལ་དེ་ཁྱོད་ཀྱིས་བརྙེས། །གཉིས་སྣང་རྟོག་པའི་རང་མཚང་དབྱིངས་སུ་རིག །རིག་སྟོང་བརྗོད་མེད་དགའ་བས་ཁྱོད་ཐུགས་གང༌། །གང་ཤར་དག་པའི་དཀྱིལ་འཁོར་འཁོར་ལོ་སྣང༌། །སྣང་སྲིད་ཕྱག་རྒྱ་ཆེན་པོའི་རོལ་པར་ཤར། །སྐབས་ཤིག་ཏུ་དག་པའི་མནལ་ལམ་གྱི་གསལ་སྣང་དུ་ནམ་མཁའ་ལ་ཐོགས་མེད་དུ་འཕུར་ཏེ་བྱོན་ནས་མདོ་ཁམས་ཀྱི་ཡུལ་ཕལ་ཆེར་གཟིགས། རྒྱ་ཧོར་གྱི་ཡུལ་ཡིན་ཟེར་བའི་ནགས་ཚལ་འཐུག་པོའི་གསེབ་ན། མཁར་རྒྱ་ཕིབས་ཅན་མང་པོ་ཡོད་པ་འདུག །དེ་དག་བརྒྱུད་དེ་མཐར་ཨྱོན་་གྱི་ཡུལ་ཡིན་ཟེར་བའི་ལུང་པ་དམར་དིང་ངེ་བ་ཞིག་གི་དབུས་ཀྱི་མཚོ་ཆེན་པོའི་འགྲམ་ན་ཕོ་བྲང་ཞིག་འདུག་པའི་ནང་ན་རིན་པོ་ཆེའི་ཁྲི་ལ་རྒྱལ་པོ་ཨིནྡྲ་བྷུ་ཏི་གོས་ཆེན་ཏ་ཧུན་གྱི་ན་བཟའི་སྟེང་ན་བེར་ནེ་སེར་གསེར་མ་བཞེས་པ་དབུ་ལ་དར་དཀར་པོའི་ཐོད་བཅིངས་བྱས་པ་ལང་ཚོ་སྒང་ཡོལ་གྱི་རྣམ་པ་ཅན་ཞིག་བཞུགས་འདུག་པ་ལ་ཕྱག་དང་སྐོར་བ་མང་དུ་ཕུལ་སེམས་ཅན་གྱི་དོན་དུ་མྱུར་དུ་འཚང་རྒྱ་བའི་སྨོན་ལམ་དྲག་པོ་བཏབ། དེའི་འོག་ཙམ་ན་བུད་མེད་གཟི་བརྗིད་ཅན་ཅིག་འདུག་པ་དེས་དྲི་ཆེན་ཀ་པཱ་ལ་གང་གཏད་བྱུང་བ་གསོལ་བས་རོ་བརྒྱའི་བཅུད་ཡོད་པ་བྱུང༌། དེ་ནས་སླར་འཕུར་ཏེ། རྒྱ་གར་རྡོ་རྗེ་གདན་ཡིན་ཟེར་བའི་མཆོད་རྟེན་རྩ་བརྒྱད་ཀྱི་རྣམ་པར་རོང་ངེ་ཡོད་པ་ཞིག་འདུག་པའི་ནང་དུ་བྱོན་པས་མ་ཧཱ་བོ་དྷི་དང་མཇལ། དེ་ན་ཆོས་རྗེ་བསོད་ནམས་དབང་ཕྱུག་པའང་བཞུགས་འདུག་པས་གསུང་གླེང་མང་དུ་བྱུང༌། རྡོ་རྗེ་གདན་གྱི་ཕྱི་ན་མུ་སྟེགས་པ་