R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༨༥
[A:༡༨༥]མཁན་པོ་བཟང་པོ་ཤེས་རབ་པ། མཁན་ཆེན་ལེགས་རིན་པ། འཕགས་མཆོག་ཆོས་རྗེ་གྲགས་པ་རྒྱལ་མཚན། ཇོ་ནང་ཀུན་མཁྱེན་ཆེན་པོའི་གདན་ཁྲི་ལ་བཞུགས་པ་དཔལ་དུས་ཀྱི་འཁོར་ལོའི་མངའ་བདག་ཆེན་པོ་རྗེ་ནམ་མཁའ་ཆོས་སྐྱོང་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ལྡན་རིན་ཅེན། གངས་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་འཛིན་པའི་དབང་པོ་དྭགས་པོ་བཀའ་བརྒྱུད་ཀྱི་བརྒྱུད་འཛིན། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་གི་རྣམ་པར་སྤྲུལ་པ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ཆོས་ཀྱི་གྲགས་པ་དྲི་མེད་དཔལ་ཡེ་ཤེས། སྒྱུ་ལུས་རྨི་ལམ་ལ་རང་དབང་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཤངས་ཟུར་ཁང་པ་ཕ་རྒོད་བསོད་ནམས་བཟང་པོ། ཕྱག་ཆེན་བདུད་རྩིའི་མྱོས་པ་ཐེལ་བྲག་ཅོག་པ་རྗེ་བཙུན་རཏྣ་བྷ་དྲ། བདེ་ཆེན་ཕོ་ཉའི་ལམ་གྱིས་ཟུང་འཇུག་གིས་བགྲོད་པ་མོན་རྫོང་རས་ཆེན་ཟླ་བ་རྒྱལ་མཚན། གྲི་བྱང་ཆུབ་སྡིངས་པ་རྟོགས་ལྡན་ཀུན་དགའ་དཔལ་བ་རྣམས་དང༌། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བརྒྱུད་འཛིན་གསང་སྔགས་རྙིང་མའི་ལམ་གྱིས་སྨིན་གྲོལ་མཛད་པ། སློབ་དཔོན་ཆེན་པོས་ལུང་བསྟན་ཅིང་སྔ་འགྱུར་གྱི་ཆོས་ལ་མཁས་ཤིང་གྲུབ་པར་ཉི་ཟླ་ལྟར་གྲགས་པའི་ཀ་ཐོག་པ་བཞག་བླ་ཡེ་ཤེས་འབུམ་པ། སྐུ་ལུས་མ་སྤངས་པར་འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་མཛད་པ་རྨོག་སྟོན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་བཟང་པོ། ཨྱོན་ཆེན་པོས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་བའི་རིག་འཛིན་ཆེན་པོ་ཀུན་དགའ་གྲགས་པ། ལས་བཞི་ལྷུན་གྱིས་གྲུབ་པའི་རྗེ་གནམ་སྡིངས་