R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༦༨
[A:༡༦༨]དྲུག་ཙམ་ཕྱགས་ཕྱི་མཐིལ་བཞུགས་མཛད། གསོལ་དཔོན་གྱི་ཁུར་བཞེས། སྐུ་རེགས་འཆིང་བ་ཚུན་གྱི་བསླབ་དོན་རང་གི་རིགས་སྲས་ལས་ཀྱང་ཐུགས་བརྩེ་བ་ལྟ་བུས་སྐྱོང་བ་མཛད་དོ། །མུ་ཁྲི་བཙན་པོའི་རྣམ་འཕྲུལ་ས་སྐྱོང་གིས། །ལུང་བསྟན་ལོག་རྟོག་འགའ་ཞིག་བཟློག་པའི་ཕྱིར། །འདོད་ཡོན་ལམ་བྱེད་ཁྱིམ་གྱི་སྒྱུ་ཐབས་ཀྱིས། །ཨིནྡྲ་བྷཱུ་ཏཱིའི་རྣམ་ཐར་ཁྱེད་ཀྱིས་བསྐྱངས། །དེ་ནས་རེ་ཞིག་རྡོ་རིང་དུ་ཕེབས་ཏེ། རྗེ་ངོར་པ་ཡབ་སྲས་སོགས་ལ་གསུང་ཆོས་གསན་པ་དང༌། ཆོས་ལྡན་གྱི་རང་སྲིད་བདེ་བར་སྐྱོང་ཞིང་བཞུགས་པའི་སྐབས་སུ་གཞིས་ཀ་ནས་ནང་སོ་མཚོ་སྐྱེས་རྡོ་རྗེ་བས་བཀའ་ལུང་སྔ་ཕྱིར། ངེད་དབུས་ཕྱོགས་སུ་འགྲོ་བའི་སྤང་བླང་ཕྱེད་པའི་བྱ་བ་བསྒྲུབ་པའི་གྲོགས་ལྡན་ལ་འགྲོ་དགོས་གསུང་བའི་ནན་ཏན་དང༌། དེ་མཐུན་ནང་སོ་གཙང་ཆེན་གྱིས་ཀྱང་གནས་ཚུལ་ཞིབ་ཆ་དང་བཅས་པ་ཕེབས་པས་ཉེར་ལེན་བྱས་ནས་དབུས་ཕྱོགས་སུ་ཕེབས། ནང་སོའི་བཀའ་གྲོས་སྙན་འདེབས་སྣེ་སྡོང་གི་ཀ་བཞི་དགོན་གསར་གྱི་དཔོན་ཚབ་སོགས་ཁུར་ལས་ཆེ་བར་བཞེས་ཤིང༌། ཕག་གྲུ་པ་སྤྱི་དང༌། ཁྱད་པར་གཞིས་ཀ་རིན་སྤུངས་པའི་ཆབ་སྲིད་ཡར་ངོའི་ཟླ་བ་ལྟར་རྒྱས་པར་མཛད་པ་ཡིན་ནོ། །དེ་དག་གི་བར་སྐབས་ཐམས་ཅད་དུ་དེང་སང་གི་སྡེ་དཔོན་དུ་རློམ་པ་རྣམས་ཀྱི་བྱ་བ་དང་གོ་ལྡོག་སྟེ། སྤྱིར་བསྟན་པ་དང་སེམས་ཅན་ལ་ཕན་བདེ་ལྷུར་ལེན་ཞིང༌། ཁྱད་པར་ཡ་རབས་རྣམས་གཟེངས་བསྟོད་པ་དང༌། སྙོམས་ཆུང་རྣམས་ཆེད་དུ་མགོ་འདོན། ཕ་རོལ་གྱི་མ་རབས་རློམས་ཅན་རྣམས་གཏམ་གྱི་ང་རོ་བསྒྲགས་པ་ཙམ་གྱིས་ཟིལ་གྱིས་གནོན་ནུས་པ་དང༌། དགེ་འདུན་གྱི་སྡེ་