R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༠ན-༢༨༩
[A:༥༠ན-༢༨༩] ༄༅། །གསུང། རྗེ་ཉིད་ཀྱིས་བཞེས་པའང་ཅུང་ཟུད་བསྙབ་དཀའ་ཙམ་བྱུང་བ་དང། རིན་པ་ཆེ་རབ་འབྱོར་བའི་དབུ་ཞྭའི་མདུན་གྱི་ནོགས་དུམ་ཙམ་འདུག་པ་གཉིས། ཕྱིས་ཞབས་ཏོག་འཚོལ་དཀའ་བ། དེའི་རྟེན་འབྲེལ་དུ་འདུག་ཅེས་ཡང་ཡང་བཀའ་ཕེབས། ཚོགས་པའི་གདན་འདྲེན་པ་རྣམས་ལའང། ད་དེ་ཁྱེད་ཚོས་རྫུབ་རྫུབ། ཡང་ན། སྣུབ་སྣུབ་ཇི་ཙམ་བྱས་གཞན་འདྲ་བ་འདུག། ཚོགས་པ་ཅི་རིགས་ཀྱི་བྱེད་པ་ལ་བརྡེབ་མཛད་དཀའ་ཙམ་ཡོད་ཚོད་དུ་འདུག་པས་སྦྱིན་བདག་གཉིས་པོ་དང་འགལ་མེད་ཅིག་མ་བྱུང་གི་བར་ལ། ངེད་ཀྱིས་འགྲོ་བ་དེ་ཀ་བྱེད་པས། ཁྱེད་རང་རྣམས་ཀྱང་དེ་ཀའི་རྩིས་དངས། ཉེ་གནས་རང་ཡང་འགྲོ་གྲབས་ཀྱི་སྟ་གོན་བྱེད་པ་ལ་ལེགས་ཕེབས། དེ་ནས་མི་དབང་ལྷ་དབང་ཀུན་དགའ་ཁུ་དབོན་དཔོན་བློན་གྱིས། སྐྱེས་བུ་དམ་པ་འདི་ཉིད་ཕྱོགས་གཞན་ལ་ཐེགས་པ་མི་རིགས་ནའང། ཐེགས་སྒོ་དེ་བཞིན་ཤར་ཕྱིན་ཞབས་མི་འདེགས་ཁ་མེད་ཡིན་གསུང། དཔོན་བློན་རྣམས་ཀྱིས་ཆིབས་དྲེལ་སོགས་ཤོམ་བསྒྲིག་གང་ལ་གང་འོས་དང། འབུལ་ནོད་ཀྱང་རྒྱ་ཆེ་བར་མཛད་དོ། ། དེ་ནས་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེར་གོང་མ་ཆོས་ཀྱི་རྒྱལ་པོ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་བསྐོན་འཇའ་ཞུ་བ་ལ་རིམ་པར་བཏེག།རྒྱལ་གྲུབ་གླིང་དང་སྐྱིད་ཤོངས་སོགས་རྒྱུད་དོལ་མདའ་