R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༠བ-༢༩༠
[A:༥༠བ-༢༩༠] ལྷུན་གྲུབ་ལྷ་རྩེར་ཕེབས། མིའི་དབང་པོ་དཔོན་ཆེན་རིན་ཆེན་རྣམ་རྒྱལ་དབང་པོའི་སྡེས་ཞག་གསུམ་སྦྲེལ་གྱི་བསྙེན་བཀུར་གྱ་ནོམ་པ་ཞུས་ཐོག། རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ཞལ་དཀར་སྟེགས་བཅས་རྒྱ་དཔང། ན་བཟའ་སྐོར་ཆ་ཡོངས་སུ་ཚང་མ། ཆིབས་རྣམ་སྲས་འཕེལ་ཆིབས་ལྒ་དང་བཅས་པའི་འབུལ་དཔངས་བསམ་གྱི་མི་ཁྱབ་པ་ནམ་མཁའ་མཛོད་ལ་མངའ་དབང་དུ་གྱུར་པའི་ཕུན་སུམ་ཚོགས་པ་རྒྱ་མཚོས་མཆོད་དེ། རིམ་པས་ལྷུན་གྲུབ་གླིང་ནས་རྒྱུད། ཕོ་བྲང་ཆེན་མོར་གོང་མ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕེབས་མ་ཐག། བསྐོན་འཇའ་བཀྲ་ཤིས་མངའ་གསོལ་རྒྱ་ཆེར་མཛད། རྟེན་འབྲེལ་སྒྲིག་པའི་སྣང་སྦྱིན་སོགས་དཔངས་བསྟོད་པ་གནང། སླད་ཕྱིར་ཕེབས་ནས་ལྷུན་གྲུབ་གླིང། རྒྱལ་ཆེན་གླིང། དཔལ་འབྱོར་རབ་བརྟན་སོགས་སུ་བཀུར་སྟི་རྒྱ་ཆེན་པོས་མཉེས་པར་མཛད་དེ་གོང་དཀར་དུ་ཕེབས། བྱང་པ་ཐེགས་པའི་གྲབས་ཤོམས་སོགས་གང་གི་མི་འཐོམ། འཐོལ་པའི་སྟ་གོན་མཛད་དེ། གཟའ་སྐར་འཕྲོད་སྦྱོར་བཟང་པོ་ལ་བཏེགས་སྨྱུག་ལྷ་རྒྱུད་དེ་གཞིས་ཀ་རིན་སྤུངས་སུ་ཕེབས། ནང་སོ་སྒར་པ་དང་མཇལ་ཏེ་རྙེད་པ་དང་བཀུར་སྟི་མུ་མེད་མཐའ་ཡས་པ་ཞུས། དུས་དེར་ཡངས་པ་ཅན་ཐམས་ཅད་མཁྱེན་པ་སྤྱན་སྔ་རིན་པོ་ཆེ་ནས་ཀྱང། ཇ་འདྲེན་གནང་སྦྱིན་གནང་བའི་དགུ་ཚན་གྱི། གོས་ཀྱི་ནང་བྱུས་སྣ་ཚང་ཅིག་བྱུང་