R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༩བ-༢༨༨
[A:༤༩བ-༢༨༨] སྟོབས་ཀྱིས་འཕྲལ་དུ་ཕེབས་ཆོག་པ་ཡང་དཀའ། ཕྱིས་སྦྱིན་བདག་ཆེན་པོ་འདི་གཉིས་དུས་གཏན་གྱི་སྦྱིན་པོ་ཆེན་པོ་ཡིན་དོན་གྱིས། དབུས་གཙང་གི་སྦྱིན་བདག་ཡར་མར་རྣམས་ཀྱང་འབྲེལ་ཆད་པ་ལྟ་བུར་སོང་ཡོད་པས། ད་རེས་འཐོན་པ་རང་འཐད་པ་འདྲ་བསམ། བླ་མའི་བཀའ་བཅག་པ་མི་འོས་པས། ཐུགས་དམ་བརྟག་པ་གནང་བའི་ཕེབས་འོས་དང་བསྟུན་པ་གཅིག་ཞུ་ཞུས་པས། བཀའ་ལས་སྣང་ཚུལ་དེ་རྣམས་ཐུགས་བདེན་པར་འདུག་རུང། དགེ་འདུན་གྱི་སྡེ་ཞིག་པ་ལ་ཉེ་བའི་ཚེ་མ་ཐེགས་ན། སྡེ་གསར་དུ་འཛུགས་པའི་གོ་ནད། གདོན་ནད་ལ་གཟིགས་ཀྱང་ཐེགས་དགོས་པ་ལས་འོས་ཅི་ཡོད། འོན་ཀྱང་ཞབས་ཏོག་སོགས་གདོན་ནད་བྱུང་དོགས་ན། ངེད་ལ་ཕ་གྲ་ས་ནས་བརྒྱུད་པའི་ཛམྦྷ་ལ་ཤིན་ཏུ་ཟབ་པའི་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པས་གནང་བ་ཞིག་ཡོད་པ་དེ་ཁྱེད་ལ་འབུལ། ཞབས་ཏོག་གི་གདོན་ནད་ཆེར་མི་ཡོང་བསམ་པས་ཅིས་ཀྱང་ཐེགས་དགོས་བཀའ་ཕེབས། དེའི་སང་ཉིན་ཕྱག་ཕྱིར་དཀའ་བཅུ་བ་དཔལ་ལྷུན་པ། ཉེ་གནས་ཤེར་མཆོག་པ་དང་བཅས་པ་ལ་ཛམྦྷ་ལའི་རྗེས་གནང་ལས་ཚོགས་དང་བཅས་པ་གནང་བའི་གཏོར་དབང་གི་དུས། རྗེ་རིལ་གསུམ་སྐུ་དཔང་དུ་བབས་པ་ལས། གཅིག་སྐུ་མདུན་ནས་ཕར་ཡར་བའི་བཀའ་བཅུ་བ་དཔལ་ལྷུན་པས་བསྙབས་པ་ན། དེ་མ་བསྙབ་ཁོང་རང་ལ་དགོས་པ་ཡིན་