R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༧ན-༢༨༣
[A:༤༧ན-༢༨༣] ༄༅། །འཇུག་མི་དགོས་པས། ཞབས་ཏོག་ཏུ་འགྱུར་རུང་མི་འགྱུར་རུང་བགྱིས་ལགས་ཤིང། བདག་ལྟ་བུས་འགོས་ཆེ་བ་འདི་འདྲའི་ཞབས་ཏོག་མི་འགྲུབ་པས་འོས་པ་དག་ལ་བཀའ་དྲིན་གྱིས་བསྐྱང་དགོས་ཞུས་ཀྱང། བཀའ་མ་ཟློག་པར་ཞལ་གྱིས་བཞེས། ཚོགས་སྡེ་ནས་དཀའ་བཞི་འཛིན་པ་དཔོན་སློབ་སྐུ་ཚབ་ཏུ་བསྐོས། ཆོ་སྡེ་ཆེན་པོར་ཕེབས་པའི་དགའ་སྟོན་གྱི་ཉིན། ནམ་མཁའ་ལས་འཇའ་ཚོན་ཁ་དོག་སྣ་ཚོགས་འདུས་པ་དང། ཁྱད་པར་རྗེ་ཉིད་ཀྱི་དབུ་ཐོག་ཏུ་འཇའ་དཀར་པོ་མདུང་ཚུགས་སུ་ཟུག་པ་ཀུན་ངོ་མཚར་ཞིང། ཐམས་ཅད་མཁྱེན་པའི་ཕྲིན་ལས་ཀྱི་སྒོ་འཕར་རབ་ཏུ་རྒྱས་པར་འགྱུར་བར་ངེས་ཤེས་སྨོན་པའི་གནས་སུ་གྱུར། ཕྱིས་རྗེ་ཉིད་རང་ནི། ངེད་རང་ཐམས་ཅད་མཁྱེན་པའི་ཕྲིན་ལས་ཀྱི་སྒོ་ལ་ཕན་པ་ཡོང་སྙམ་ནའང། ས་སྐྱ་པའི་ཚུལ་བཟུང་ནས། དཔལ་ལྡན་དྭགས་པོ་བཀའ་བརྒྱུད་པའི་སྐྱེས་བུ་དམ་པ་ཆེན་པོ་རྣམས་ལ་ཆོས་ཀྱི་སྐྱེས་རེ་ཙམ་ཕུལ་བས། དེ་ཉིད་ཐམས་ཅད་མཁྱེན་པའི་ཐུགས་དགོངས་རྫོགས་པའི་ཞབས་ཏོག་ཏུ་འགྱུར་བ་འདྲ་བསམ་པའང་བྱུང། ང་ལྔ་པ་ཤིང་མོ་གླང་ལོ་ཤར་བའི་དུས་མནལ་ལམ་དུ། ཚོགས་པའི་དུང་སྒམ་མེ་སེར་གྱི་མཆོད་ཤོམས་ཁར་བཞག་པ་སོགས་གདན་ས་ལ་ཕེབས་དགོས་པའི་མཚན་ལྟས་ངོ་མཚར་བ་བྱུང། དུས་དེར་ཚོགས་པ་ལ་སྟོད་བྱང་ན་བཞུགས་