R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༧བ-༢༨༤
[A:༤༧བ-༢༨༤] པ་ལ། རིན་པོ་ཆེ་ཡོན་རྒྱམ་པའི་དབོན་པོ་བྱམས་པ་རྒྱ་མཚོས་གཙོས་པའི་དགེ་འདུན་ཐོགས་ཤིག་དང། ཚོགས་པ་བྱིན་ཅུང་ཟད་ཟློས་པའི་ཞུ་རིགས་ཀྱང་ཅི་རིགས་པ་ཕུལ་བ་ལ་བརྟེན། བདག་ཆེན་གྱི་བཀའ་ལས་དེང་སང་ཕྱིས་ཅིར་འགྱུར་མེ་ཤེས་པ་འདུག་པས། ཚོགས་སྡེ་རྣམས་ཤར་ཕྱོགས་ལ་ཐེགས་པ་ལེགས་པ་འདུག་ཕེབས་པ་ལ། ཚོགས་པ་ཕན་ཚུན་ཐམས་ཅད་ནས། རིན་པོ་ཆེ་ནི་སྐུ་ཁམས་གནས་བཤིས་འདིར་སོང། གདན་སའི་བསྐོ་བཞག་ཅིག་གནང་དགོས། གདན་ས་འཁོད་འཕྲལ་བཀའ་བཀོད་དང་བསྟུན་པ་ལགས་ཞུས། བསྐོ་བཞག་ལའང། དབོན་པོ་བྱམས་པ་རྒྱ་མཚོ་བ་རྣམས་ཀྱིས་ཟན་ཧྲིལ་སྒྲིལ་དགོས་ཚུལ། ཚོགས་དགེ་འདུན་བྱིན་གྱིས་ཟན་ཧྲིལ་གཉིས་པ་གདན་འདྲེན་པ་རང་གནང་དགོས་ཞུས་པའི་ཚེ། ཁོང་ཕན་ཚུན་ཐམས་ཅད་ཀྱིས་ཟེར་སྟབས་སུ་བཏང་བས་མི་ཡོང། དྲུང་མཁན་ཆེན་པའི་དྲུང་རང་དངོས་སུ་བཞུགས་དུས། མཁན་ཆེན་དྲུང་རང་དུ་དབོན་པོ་ནོར་བུ་བ་དང། ཁྲབ་ཆོས་པ་གཉིས་ཕྱིན་པའི་དགོངས་པ་ཞུས། མཁན་དྲུང་རང་གང་གསུང་ལེགས་པས། ཞལ་ཏ་ཞུ་དུས་དབོན་པོ་མེད་པ་བགྱིས་ཕེབས་པ་བཞིན། ཁོང་ཡོན་མཆོད་ཀྱིས་བཀའ་བཀོད་ལྟར་ཞལ་ཏ་ཞུས་དུས། བཀའ་ལས་ངེད་དཔོན་སློབ་ཟན་ཧྲིལ་སྟབས་ཅིག་སྒྲིལ་བ་ཡིན། དེ་དུས་ཁོང་སེང་གེ་དང་ངེད་ཝ་ལྟ་བུ་ཡིན་རྒྱུ་རྟེན་འབྲེལ་གྱིས་ངེད་ལ་ཟན་ཧྲིལ་དང་