R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༦བ-༢༨༢
[A:༤༦བ-༢༨༢] བཅུ་གཅིག་གི་དབང། ལྷ་བཞིའི་དབང། སྤྲོས་པ་ཚིག་ཚོགས་ཀྱི་སྐོར་ལ། བཀའ་གདམས་གཞུང་དྲུག། གླེགས་བམ་ཕ་ཆོས་བུ་ཆོས། ལྷ་བཞིའི་མྱོང་ཁྲིད། བཀའ་གདམས་ཐོར་བུ་ལ། པོ་ཏོ་བའི་དཔེ་ཆོས་རིན་པོ་སྤུངས་པ་སོགས་དང། བློ་སྦྱོང་གི་རིགས་མཐའ་དག་གསན། དེའི་ཚེ་བུ་ཆོས་ལ་ཐུག་པ་ནས་མེ་ཏོག་གི་ཆར་འབབ་པ་ངེས་ཅན་འདུག་པའི་འཕྲོས་ཀྱང་ལན་རེ་མིན་པར་གནང། གཞན་ཡང་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་དང། མཉམ་མེད་ཞ་ལུ་ས་ཆེན་པོ་ཆོས་ཀྱི་སྐྱོང་བཟང་པོ་དང། མཁན་ཆེན་རིན་པོ་ཆེ་ནོར་བུ་བ་སོགས་ལ་གསུང་ཆོས་མཐའ་ཡས་པ་གསན་དེ་རྣམས་ཀྱིས་ནི་གྲུབ་པའི་དབང་པོ་དུ་མ་ལས་ཟབ་མོའི་གདམས་པ་གསན་སྟེ་གྲུབ་པ་མཆོག་གི་ས་བརྙེས་ཚུལ་གྱི་རྣམ་པར་ཐར་བ་ཆེ་ལོང་ཙམ་སྨོས་པའོ། །རང་ཉིད་སྤངས་རྟོགས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་དབང་དུ་གྱུར་ནས་གྲངས་མེད་པའི་གདུལ་བྱ་རྗེས་སུ་གཟུང་བའི་ཚུལ་ནི། དགུང་ལོ་ང་གཉིས་པ་ཆུ་ཕོ་ཁྱི་ལོ་ལ། ཆོས་སྡེ་ཆེན་པོ་གོང་དཀར་རྡོ་རྗེ་གདན་གྱི་གྲྭ་ཚང་ཤེས་བྱ་ཀུན་གྱི་ཞལ་བདག་དང་། ཆེན་པོའི་ཐུགས་ཁུར་བཞེས་དགོས་ཚུལ། ཆོས་ཀྱི་རྒྱལ་པོ་ལྷ་དབང་ཀུན་དགའ་བས་ནན་ཆགས་སུ་གསོལ་བ་བཏབ་པ་ལ། བདག་གིས་གོང་དཀར་བཞི། ཆོས་སྡེར་ལྷ་སྐུ་རིམ་སྒྲུབ་པ་མ་གཏོགས། གཞན་མའི་མཐུན་