R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༧ན-༢༦༣
[A:༣༧ན-༢༦༣] ༄༅། །པོ་དང་བཅས་པ་བྱུང་བས་ཤིན་ཏུ་ལེགས་དགོངས་པ་དང། ཚོགས་དཔོན་སློབ་ཀྱིས། ཕེབས་པའི་མཆོད་འབུལ་གྱི་རྣམ་པ་གསོལ་ཇ་འབུལ་ནོད་རྒྱ་ཆེན་པོ་མཛད་པའི་ཚེའང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཕེལ་གདུང་རྣམ་གྲངས་ལ་ཡོད་པ། རྗེ་ཉིད་ཀྱི་ཕྱག་ལ་བདར་དེ་ཕུལ་བས། དགྱེས་པའི་ཚུལ་གྱིས་ཡུན་རིང་པོའི་བར་ཞལ་འཛུམ་བག་དང་ལྡན་ཞིང་སྤྱན་གྱིས་བཙའ་བ་དེ་ལྟ་བུ་ནི་རྗེས་སོར། སྐུ་སྐྱེ་ཕྱི་མ་ཉིད་ཀྱི་མཁན་པོར་མངའ་གསོལ་བའི་རྟེན་འབྲེལ་དུའང་འདུག་གསུང། དེ་ནས་ཞལ་རས་ལྷ་ཁང་དུ་ཕེབས། ནང་སོ་ཞལ་ངོ་ཚོགས་པ་དཔོན་སློབ། གཞི་གཞིས་བྱེས་ཀྱི་དགེ་འདུན་གྲངས་མེད་པ་དང་བཅས་པ་ལ། རྗེ་ཉིད་ཀྱིས་ཞུ་བ་པོ་གནང་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལུང་སོགས་གསུང་ཆོས་མང་བ་གནང། འགྲོ་བ་ཀུན་གྱི་ངག་ལ། རྗེ་ཀརྨ་པའི་ཕྱག་ནས་གང་གིས་ཀྱང་མི་འཐོགས་པར་ཕེབས་པ་ཡིན་ཞེས་གྲགས་པས། རྗེ་ཉིད་ཀྱིས་ཀྱང་ཐམས་ཅད་མཁྱེན་པས་ནུབ་ཕྱོགས་ནས་ཕྱག་ནས་འཐོར་བའི་ཚེ། ཤར་ཕྱོགས་སུ་བཞུགས་ཏེ་སྐུ་ཆོས་ཀྱི་ཐུ་བ་བཟེད་པ་ན་ཆར་ཆེན་པོ་བབ་པ་ལྟར་བྱིན་རླབས་ཀྱི་རྟེན་ངོ་མཚར་བའི་གནས་སུ་བཞུགས། རྗེ་ཀརྨ་པ་འདི་ས་བཅུར་གནས་པའི་སེམས་དཔའ་ཆེན་པོ་ཡིན་ངེས་པར་འདུག་དགོངས་པའི་དད་པ་གསུམ་གྱི་རྣམ་པར་དཀར་བ་འཕེལ་བར་གྱུར་ཏོ་ཅེས་གསུང། དེ་ནས་རིམ་པར་པོ་ཏ་ལ་དང་། འཚུར་ཕུ་