R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༧བ-༢༦༤
[A:༣༧བ-༢༦༤] སོགས་ལ་ཐེགས་པ་གནང་ངོ། དགུང་ལོ་སོ་གསུམ་པ་ཤིང་མོ་ཡོས་ལ། ཚོགས་པ་བདག་ཆེན་ནམ་མཁའ་རྡོ་རྗེས་སྤྱན་དྲངས་ཏེ་བྱང་ངང་རིངས་ལ་ཐེགས། དེ་དུས་མཁན་ཆེན་ཆོས་དབང་པའི་དྲུང་དུ་དམ་བཅའ་ཕུལ་བ་བཞིན་ཆོས་ཁྲིམས་ཀྱི་ཐུགས་ཁུར་བཞེས། དགེ་འདུན་གྱི་ནང་ཁྲིམས་དམ་པའི་ཆོས་འདུལ་བ་ལས་ཇི་ལྟར་འབྱུང་བ་བཞིིན་ལེགས་པར་བསྲུངས། དེའི་ཚེ་རྗེ་ཉིད་སྔར་གསན་སྦྱོང་གི་དུས་སུ། མཁན་ཆེན་རིན་པོ་ཆེ་རབ་འབྱོར་སེང་གེའི་སྐུ་བཅར་རྙིང་པ་ཞིག་ལ་བག་མེད་དུ་ལོངས་སྤྱོད་པའི་མཐོང་ཆོས་ཀྱི་རྣམ་པའི། སྐུ་འདུ་བ་སྤྱི་། ཕྱི། འཁྲུགས་པའི་སྙུན་གྱིས་བཙེས་པ་དེ་ལྟ་བུ་ལ། ཕྱིས་མཁན་ཆེན་རིན་པོ་ཆེའི་ན་བཟའ་ལ་ཐུགས་བེད་སྤྱད་པ་སྙུན་པའི་རྐྱེན་དུ་འགྱུར་བ་ཇི་ལྟར་ལགས་ཞུས་པས། དེང་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་པའི་མཐུ་ཡིན། ཁྱེད་རང་རྣམས་ཀྱིས་བླ་མ་དངོས་ལ་འགོངས་ཀྱང་དེ་ལྟ་བུའི་མཐོང་ཆོས་མི་འབྱུང། དེ་དུས་སྙུན་དྲག་པོ་དེས་སྐུ་བྲིན་དུ་ངལ་བའི་རྣམ་པར་ཡོད་ནའང། རྒྱལ་བའི་སྲས་པོ་རྣམས་ནི་རྐྱེན་ངན་པ་སྣ་ཚོགས་ལ་གཞར་ཡང་སྐྱོ་བ་མེད་་པའི་ཚུལ་གྱི་གཞན་གྱི་དོན་ལ་བརྩོན་པ་མི་འདོར་བས། སྐབས་དེེར། རྗེ་ཉིད་དང། མཁན་ཆེན་ལྷུན་གྲུབ་བཀྲ་ཤིས་པ་དཔོན་སློབ་གཉིས་ཀྱིས། ཚོགས་སྡེའི་དགེ་འདུན་རྣམས་ལ་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་སྐོར་བའི་དུས་དེར། ཉེ་གནང་ཤེར་མཆོག་པས། མཁན་ཆེན་ལྷུན་གྲུབ་བཀྲ་ཤིས་པའི་དྲུང་དུ། ཕར་ཕྱིན་བློ་གསར་གྲ་སྐོར་སྦྲེལ་བ་ན་ཤིན་