R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༥ན-༢༥༩
[A:༣༥ན-༢༥༩] ༄༅། །པ་བསྟེན་པ་དང་ཚོགས་ན་སྤྱོད་པ་ཉིད་བསྟན་པ་དང་སེམས་ཅན་གྱི་དོན་རླབས་ཆེ་འགྱུར་བ་ལ་གདོན་མི་ཟ་བས། ད་རེས་དྲུང་པ་སྤྱན་འདྲེན་ལ་མངགས་འདུག་པ་བཞིན་ལྷན་དུ་ཐེགས་པ་ང་ལེགས། དེ་ལྟར་མ་གནང་ན་ཆོས་ཚིག་ཅིག་གིས་འབྲེལ་བའི་བླ་མ་དམ་པའི་བཀའ་བཅག་ཏུ་མི་རུང་བར། རྒྱལ་བའི་བཀའ་དྲི་མ་མེད་པ་རྣམ་ལས་གསུངས་ཚུལ་ནི་དགོངས་པ་ལྟར་ལགས་པས། ངེད་དཔོན་སློབ་ཐམས་ཅད་ཀྱི་གསུང་བཅག་ན། དཀའ་བཅུ་པ་རང་གིའང་གནས་སྐབས་དང་མཐར་ཐུག་གི་རྟེན་འབྲེལ་ཆེན་པོ་འཆུག་པས་ཅེས་ཀྱང་གསན་དགོངས་ཡོད་པ་ཞུ་གསུང་བའི་གསུང་བའི་བཀའ་ནན་མ་ཆོག་པར། རྗེའི་དྲུང་དུ་ཕྱག་འབུལ་སྨོན་ལམ་རྣམ་པར་དག་པ་དང་བཅས་པ་མཛད་དེ་ལྷན་དུ་ཕྱིར་ཕེབས། མཁས་པའི་དབང་པོ་དང་མཇལ་ཏེ་ཐུགས་དགྱེས་པ་ཆེན་པ་དང་ལྡན་པའི་མོད་ནས། དཔོན་སློབ་རྣམས་འཕྲེང་བུ་དགའ་ལྡན་གླིང་གི་ཆོས་བར་ལ་ཐེགས། དེར་གླིང་སྨད་པཎྜི་ཏ་ཆེན་པོ་བཞུགས་ཏེ། རྗེ་བཙུན་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་དབུས་གཙང་ཁམས་གསུམ་ནས་འདུས་པའི་དགེ་བའི་བཤེས་གཉེན་གྲངས་མེད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། སྐབས་ཤེད་དུ་དཔོན་སློབ་གཞི་གཞིས་བྱེས་རྣམས་ལ་མང་ཇ་སྦྲེལ་མ་ཞག་འགའ་བྱུང་བའི་དུས། རྗེ་ཉིད་ཆོས་ལུང་དཀའ་བཅུ་བ་དང་བགྲོས་གླེང་ལ་བཞེངས། དེར་རྗེ་ཉིད་ཀྱིས་མངོན་རྟོགས་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། ས་སྡེ་ནས་