R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༤བ-༢༥༨
[A:༣༤བ-༢༥༨] གོས་གྱོན་རྒྱུ་མེད་པའི་དུས་སུ་ངེད་དཔོན་སློབ་ཀྱི་ཞབས་ཏོག་བྱས། ད་སྤྱིར་བསྟན་པ་དང་སེམས་ཅན། སྒོས་གྲྭ་ས་དང་གྲྭ་ཚང་ཐམས་ཅད་ལ་ཕན་ཐོགས་པའི་དུས་སུ། རྒྱལ་ཁམས་ལ་སྤྲང་བ་ལ་འབྱོན་ན་གང་འབྱོན་ཡིན། གཞན་ལ་མཁན་རིན་པོ་ཆེ་རབ་འབྱོར་བ་དང་སློབ་དཔོན་པ་གཉིས་ཀའི་བཀའ་ལས་འགོངས་ནས་བྱོན་རུང་དབུ་ཐོན་པ་རང་ཅིག་མི་འོང་བས། ད་རེས་ཅེེས་ཀྱང་ཕྱིར་ཕེབས་པ་དྲག་ཚུལ་གྱི་འཐད་བཀོད་དང། གྲུབ་ཆེན་པུཎ་སིངྷ་རིན་པོ་ཆེའི་དྲུང་དུ་ཡང་ཕྱིར་ལོག་པའི་བཀའ་བཀོད་དགོས་ཚུལ་ཡང་ཞུས་པ་ན། གྲུབ་ཆེན་གྱི་བཀའ་ལས། དོ་ནུབ་དྲུང་པ་རང་ཡང་འདི་ཀར་བཞུགས། ངེེད་ཀྱིས་ཀྱང་ཕྱོགས་བཅུའི་རྒྱལ་བ་ལ་གསོལ་བ་བཏབ། རྨི་ལམ་བཞིན་ཡང་བསྒུགས་ནས་སང་ཞུ་ལན་འབུལ་བ་ཡིན་གསུང་པ་བཞིན་དོ་ནུབ་དེར་བཞུགས། སང་སྔ་བར་དཔོན་སློབ་ལྷན་པར་གཟིམས་ཁང་དུ་སྤྱན་དྲངས་བསྙེན་བཀུར་ཕུན་སུམ་ཚོགས་པ་གནང་ཏེ། མདང་ངེད་ཀྱིས་དཀོན་མཆོག་ལ་གསོལ་བ་བཏབ་པའི་ཐོ་རངས་ཅུང་ཟད་གཉིད་པའི་རྨི་ལམ་ན་རིན་པོ་ཆེའི་ཁྲི་བཟང་པོ་ཅིག་བཤམས་པའི་སྟེང་དུ། དྲུང་ནས་བཀའ་བཅུ་བ་ཉིད་སྟན་ཅིག་གི་བརྟུལ་ཞུགས་རྣམ་པར་དག་པའི་རྟགས་དང་ཆ་ལུགས་འཛིན་བཞིན་པར་བཞུགས་པ་ལ། རབ་ཏུ་བྱུང་བ་དང་སྐྱེ་བོའི་ཚོགས་གྲངས་མེད་པ་མེ་ཏོག་གི་ཆར་འབེབས་པ་ཞིག་རྨིས་པས། ད་དྲུང་པ་དབེན་