R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༣བ-༣༥༦
[A:༨༣བ-༣༥༦] མཛད་པ་དེ་རྣམས་ཀྱི་དྲུང་དུ། མཆོད་པའི་ཚོགས་མ་ཚང་བ་མེད་པ་བཤམས་ཏེ་ཆོ་ག་རྒྱས་པར་གནང། ལྷ་ཡང་ཉི་མ་ནུབ་པ་ན། །ངེས་པར་ངང་གིས་འདུ་བར་འགྱུར། །ཞེས་གསུངས་པ་ལྟར། མཚན་མོའི་ཐུན་གཉིས་པའི་དུས་ལ་བབ་པའི་ཚེ། རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་གནང། ཚེས་བཅུ་ལྔ་ནས། བྱམས་པ་གླིང་ནས་གནས་བརྟན་བཟོད་པ་བ། གནས་བརྟན་བསོད་ནམས་ཆོས་རྒྱལ་བ་སོགས་དགེ་བའི་བཤེས་གཉེན་དུ་མ་དང། ཆོས་རྗེ་འོ་མ་ལུང་པ། ཆོས་རྗེ་སྦུག་པ། དཀའ་བཅུ་བ་ཡོན་ཏན་རྣམ་རྒྱལ་བ་སོགས་བཤེས་གཉེན་ཐོགས་ཤིག་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ། དེ་ཉིད་ནས་བཤད་པའི་སྨིན་བྱེད་ཀྱི་དབང་དང། གྲོལ་བྱེད་ཀྱི་ལམ་སོགས་ལེགས་པར་གནང་བའི་ཚེ། བློ་ཟད་ཆོས་ཟད་ཀྱི་འབེལ་གཏམ་སོགས་མཐའ་ཡས་པ་མཛད་དེ་ཕུན་སུམ་ཚོགས་པའི་དད་པ་དང་ལྡན་པར་གྱུར། དེ་ནས་ཟླ་བ་བཅུ་པའི་ངོ་ཤར་བའི་ཚེ། མིའི་དབང་པོ་ལ། ཁྲོ་ཕུ་ལོ་ཙ་བའི་མན་ངག་བརྒྱ་རྫར་ཚར་གྲགས་པ་རྒྱས་འབྲིང་བསྡུས་གསུམ་ལས་འབྲིང་བསྡུས་གཉིས་རྒྱས་པའི་ཁོངས་སུ་གཏོགས་པའི་རྒྱས་པ་ལ། སེམས་ཉིད་ངལ་སོའི་གསོའི་་བླ་མ་བརྒྱུད་པའི་གསོལ་འདེབས། བསྟན་པའི་གྲུ་བོ་ལ་སོགས་