R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༣ན-༣༥༥
[A:༨༣ན-༣༥༥] ༄༅། །གསོལ་ཇ་བཟང་པའི་ཐོག་ཏུ།། སྤྱི་སོར་མར་ཁྲོ་ལེགས་པ་ཅིག་ཕུལ་ནས། སྐྱེས་བུ་དམ་པ་རྣམས་ཀྱིས། རྗེ་ཉིད་ལ་བསྟོད་པ་དང། བརྟན་བཞུགས་ཕྱོགས་གཅིག་ཏུ་ཕུལ་བའི་ཚིགས་སུ་བཅད་པ། རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་ཆོས། །མཁས་དང་གྲུབ་པའི་རིང་ལུགས་འཛིན་མཛད་ཅིང། ། འཇིགས་མེད་སྤོབས་པས་ལེགས་བཤད་སྩོལ་མཁས་པ། །སྨྲ་བའི་སེང་གེ་བླ་མ་ལ་ཕྱག་འཚལ། །མགོན་པོ་ཚེ་དཔག་མེད་པའི་ཐུགས་རྗེ་དང། །བཅོམ་ལྡན་སྨན་གྱི་བླའི་བྱིན་རླབས་ཀྱིས། །རྗེ་བཙུན་བླ་མ་སྐུ་ཁམས་མཆོག་ཏུ་བདེ། །ཡུན་རིང་བར་དུ་ཞབས་པད་བརྟན་གྱུར་ཅིག།།ཅེས་བསྟོད་པ་འདི་ཚོགས་སུ་འཛུགས་པའང་མཛད། སླར་ཚེས་ལྔའི་ཉིན་དཔལ་མིའི་དབང་པོས། རྗེ་ཉིད་ལ་སྙུན་གསོལ་གྱི་གསོལ་ཇ་འབུལ་བ་དངོས་གཙང་ལ་གཏོས་ཆེ་བའི་ཉེ་བར་གང་མཁོ་ནས་དགྱེས་པ་བསྐྱེད། དེའི་མོད་ནས་རྡོ་རྗེ་ཕག་མོའི་རྡུལ་ཚོན་ལས་གྲུབ་པའི་ཆོས་འབྱུང་གི་དཀྱིལ་འཁོར་གྱི་དབུས་སུ། ཀ་པཱ་ལ་ཡིད་བཞིན་ནོར་བུ་སིནྜཱུ་རའི་དཀྱིལ་འཁོར་རྟེན་དང་བཅས་པ། དཔལ་འཁོར་ལོ་སྡོམ་པའི་ཞལ་ཐང། པཎ་ཆེན་ནགས་ཀྱི་རིན་ཆེན་གྱིས་བསྔགས་པ་ཆེར་