R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༢བ-༣༥༤
[A:༨༢བ-༣༥༤] མཚན་གྱི་ཆག་བསགས་པ་འདུར་བས་འགྲིག་པ་བྱུང་ཏེ། ད་ནི་མཉེལ་གཞི་ཅུང་ཟད་ཀྱང་མེད་པར་དངས་པར་གྱུར་ཏོ་ཅེས་གསོལ། དེ་དུས་ཚོགས་པ་རྣམས་ཞལ་བཞུགས་མི་བཞུགས་ཚོམ་མེར་ཡོད་པ་ལ། བདག་ཅག་རྣམས་ཞལ་མཇལ་བར་སྤྲོ་བས་ཅི་ནས་ཀྱང་བརྩེ་བ་ཆེན་པོས་བཀའ་དྲིན་སྩལ་དགོས་ཤེས་གསོལ་བ་བཏབས་པས། ཁྲུམས་ཀྱི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ལ་ཕྱིའི་སྐུ་མཚམས་ཀྱི་ར་བ་བཅད། སྐྱེད་མོས་ཚལ་གྱི་རབ་གསལ་ཕྱི་ནས་སིག་སྐས་བཙུགས་ཏེ། ཚོགས་པ་རྣམས་དང་མཇལ་བ་གནང། ཞབས་དྲུང་དུ། དབུ་མཛད་ཆེན་མོ་རྒྱལ་བ་དོན་གྲུབ་པས། ད་ལེན་གྱི་མཉེལ་བབས་ལྕི་བ་དེ་ལྟ་བུ་ཡུན་ལ་མ་ལྟོས་པར་མྱུར་དུ་དངས་པ་འདི་གྲུབ་པ་མཆོག་མངོན་དུ་གྱུར་པའི་རྟགས་ཁོ་ནའོ་ཞུས། དབུ་མཛད་ཀུན་སེང་པས་ཀྱང། མཉེལ་བབས་དེ་ལྟ་བུ་ལས་གྲོལ་བ་སྐུ་ཚེའི་འཕེན་པ་དང་ཐུགས་རྗེའི་མཐུ་བརྟས་པ་ལས་ཡིན་ཞེས་ཞུས་པས། བཀའ་ལས། དེ་ཁྱེད་བདེན། ནད་འོག་དེ་ལས་ཐོན་པ་ལས་མ་ཟད་པ་ཡིན། དབུ་མཛད་ཆེན་མོ་བ་ལ། ཁྱེད་ལ་ཇོ་བོ་བཟང་བའི་མཐོང་ཆེན་པོ་ཅིག་ཡོད་ནའང། ད་ནི་ཕྱེ་གཏོར་མཁན་པོས་བྱུང་འདུག་གསུང་སྐུ་རྩེད་ཀྱི་ཚུལ་དུ་སྣང། དེ་དུས་ཞལ་ཏའི་ཁུར་ལེན་དབོན་པོ་བསོད་ཆེ་བ་ཡིན་པས། དེ་ཉིན་