R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༡ན-༣༥༡
[A:༨༡ན-༣༥༡] ༄༅། །ལས། ངའི་ཆོས་སྐྱོང་འདི་གཞན་དང་མི་འདྲ། ཁམས་དངས་པ། ལག་གཡོག་ལ་འཁོར་བ་ཞིག་ཡོད་པས་ཕྱག་ཕྱི་འགྲུབ་པོ་འོང། གཏོར་ལ་མཐེས་སྐྱུ་རེ་མི་སྟེར་བའི་མི་ལ་ཡངས་པོ་མི་གནང་པ་ཞུ་བཞེས་གསོལ། གཞན་ཡང་གྲུབ་རྒྱལ་མ་ལྷ་བཅུ་བཞི་མའི་དབང་བཀའ་རྗེས་གནང། འདུལ་བ་བདུད་རྩི་སྙིང་པོའི་བསླབ་བྱ་སོགས་ཡང་དག་པར་སྩལ། མིའི་དབང་པོས་ཀྱང་སྔོན་གྱི་ཐུགས་འབྲེལ་ལ་བརྟེན་པའི་བཀུར་སྟི་ལེགས་པར་ཞུས། དེ་ནས་དཔོན་སློབ་དཔལ་འབྱོར་རབ་བརྟན་དུ་ཕེབས། རྗེ་བོ་དོང་པའི་བསྟན་པ་ལ་དགོངས་ཏེ། བཞུགས་གདན་སོགས་བཀུར་སྟི་གྱ་ནོམས་པས་མནེས་པར་མཛོད་དེ། སླར་ཡང་གྲ་ཐང་དུ་ལོ་ཆེན་རིན་པོ་ཆེའི་དྲུང་དུ། དཔལ་དུས་ཀྱི་འཁོར་ལོ་ཡོངས་རྫོགས་ཀྱི་དབང་གདམ་ངག་སོགས་ཐོས་པ་རྒྱ་མཚོས་ངོམས་པར་གྱུར་ཏེ་མངོན་དགའ་ཆོས་སྡེ་ལ་ཐེགས། དེ་ནས་ཟླ་བ་དེའི་ཚེས་བརྒྱད་ཀྱི་སྔ་དྲོ་གད་འོར་དུ་སྤྱན་འདྲེན་ཞུས། ཚེ་རྟ་སོགས་གནང་བ་ལ་རྟེན། སྔར་རྟ་དཔོན་སྐྱོ་བསངས་ལ། ཚོགས་པའི་གཏོར་མ་སྒུལ་དགོས་པའི་ཉམས་གྲིབ་ཀྱིས། དེ་ནུབ་ནས་ཆབ་གཡོས་པའི་སྐུ་སྨད་ཆབ་ཀྱི་གང། དེར་ངེད་རང་གི་ཁམས་འདི་དྲག་ཏུ་འགྲོ་བའི་ངེས་པ་མེད་པས། དཀའ་བཅུ་བ་ནམ་མཁའ་དཔལ་ལྡན་བོས་ཤོག་གསུང། ཁོང་བྱོན་དུས། སྐུ་དྲུང་དུ་མཁའ་