R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༠བ-༣༥༠
[A:༨༠བ-༣༥༠] དཔོན་ནས་མིའི་དབང་མོ་ལ། མི་ཏྲ་ཛོ་ཀིའི་གདམས་པ་སྙིང་པོ་དོན་གསུམ་གྱི་ཟབ་ཁྲིད། རིན་ཆེན་འབྲུར་དགུའི་གདམས་པ། སྒྲོལ་དཀར་ཡིིད་བཞིན་འཁོར་ལོའི་རྗེས་གནང་ཁྲིད་གདམས་པ་སོགས་བོད་དུ་འགྱུར་རོ་ཅོག་པཎ་ཆེན་སྨྱུག་ལ་བས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ་གྱི་ལུང་སོགས་གནང། དེ་ནས་ལོ་དེའི་སྐར་ཟླ་བའི་ཚེས་གསུམ་གྱི་ཉིན། དཔལ་ཕག་མོ་གྲུ་པའི་སྐུ་སྐྱེ་བ་ཕྱི་མའི་ཕྱི་མ་འཆི་མེད་དཔལ་བཟང་པོ་དང། ངམ་རིངས་ཆོས་སྡེའི་སློབ་དཔོན། ཆོས་རྗེ་མཁས་པའི་དབང་པོ་སོགས། རྗེ་ཉིད་ཀྱི་དྲུང་དུ་བསྙེན་རྫོགས་ཞུ་བར་ཕེབས། ཚེས་ལྔའི་གཟའ་སྐར་དུས་སྦྱོར་བཟང་བ་ལ། རྒྱལ་ཆེན་གླིང་གི་སྐྱེད་མོས་ཚལ་དུ། རྡོ་རྗེ་གདན་ཆུང་སོགས་ཀྱི་དྲུང་དུ་མཆོད་པ་ཡང་དག་པར་བཤམས་ཏེ། མཁན་པོ་རྗེ་ཆོས་གྲུབ་སེང་གེའི་ཞལ་སྔ་ནས་དང། ལས་ཀྱི་སློབ་དཔོན་སྐད་གཉིས་སྨྲ་བ་ཆོས་སྐྱོང་བཟང་པོ། གསང་སྟེ་སྟོན་པ་ཚོགས་པ་མཁན་ཆེན་ནོར་བུ་བ། དུས་བསྒོ་བ་བཀའ་བཅུ་བ་ནམ་མཁའ་དཔལ་ལྡན། ལས་ཀྱི་ཁ་སྐོང་མཁན་ཆེན་རིན་བཀྲས་པ་སོགས་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དམ་པ་བརྙེས་ཏེ་བསྟན་པའི་བདག་པོ་མཛད། དེའི་མོད་ནས། རྣམ་ཐོས་སྲས་དམར་པོའི་དབང། ཕྱག་ན་རྡོ་རྗེ་དྲེགས་པ་སྤྱི་འདུལ་སྔོན་དུ་འགྲོ་བ་ལས་ཚོགས་དང་བཅས་པ་གནང། དུས་དེར་བཀའ་