R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༡བ-༣༥༢
[A:༨༡བ-༣༥༢] སྤྱོད་མ་འབུལ་དགོས་ཡོད་པས། དཔལ་འབྱོར་རབ་བརྟན་དུ་ཞུ་འཕྲོད་ཕུལ་བའི་གདན་འདྲེན་ཞུས། སང་མཁའ་སྤྱོད་མ་འབུལ་བ་ཡིན་པས་བཀོད་པ་འཛོད་ཕེབས་པ་ལ། སྐུ་བདེ་མོ་བྱུང་ན་གསུང་ཆོས་ནམ་གནང་ཀྱང་མཐུས་པས། མཉེལ་གཞིའི་བབས་འདི་ལ་བཞུགས་ནས་འདིས་མི་འོང་བས་ཀླུ་ཁང་དུ་འཕོ་བ་ལེགས་ཤེས། འཕྲལ་དུ་སྤོ་བ་གནང། འཚོ་བྱེད་དཔལ་སེང་པའང་བྱོན། སང་ཉིན་མི་དབང་དྲུང་ཀྱང་ཕེབས། བཞུགས་ཡུལ་ཀྱང་གང་བ་ནས་ལེགས་འདུག་ཅིང་། ད་སྒོས། དཔལ་སེང་པའི་ཟླར། ཤ་བ་ཅན་པའང་བོས་པའི་འཕྲོད་བསྟེན་ཞུ་བ་དང། སྐུ་མཚམས་དམ་པར་རང་ཅིག་གནང། འཕྲལ་གྱི་ཉེར་དཔྱད་སྐུ་རིམ་ཆས་སོགས་གང་གང་དགོས། ཕྱག་མཛོད་དང་གཉེར་ཚང་ནས་གང་དགོས་བཞེས་དགོས་ཕེབས་པ་བཞིན་འཕྲལ་དུ་སྐུ་མཚམས་དམ་པར་བཅད། གསོལ་སྨན་ཞུ་བ་སོགས་འཚོ་བྱེད་གཉིས་པོས་ཡང་དག་མཛད་རུང། སྐུ་་ཤེད་ཆུང་ཞིང་ཕྱི་ནང་གཉིས་ཀ་ནས་ཆབ་བསགས་ཆེ་བ་དང། ཉིན་མོ་གསོལ་ཇ་སོགས་ཞལ་སྐྱེམས་ཚད་དང་ལྡན་པ་བཞེས་ཀྱང། མཚན་གྱི་ཆབ་བོངས་ཁྱོར་བ་རེ་ཙམ་ལས་མི་འབབ་ཙང། ཁྱད་པར་ཚེས་བཅུ་གཉིས་ནས་ནམ་མཁའ་གཡའ་དག་ཅིང་མེ་ཏོག་གི་ཆར་བབ་པ་སོགས་ཀྱིས། དཔོན་གཡོག་ཐམས་ཅད་