R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༠ན-༣༤༩
[A:༨༠ན-༣༤༩] ༄༅། །ཆུབ་ཆེན་པོ་ལ་ལེགས་སྦྱར་གྱི་སྒོ་ནས་བསྟོད་པ་སོགས་གསན་ཏེ། ཕྱིར་ཕེབས་པའི་མུ་ནས་ཇོ་བོ་རིན་པོ་ཆེ་མཇལ་བའི་རིམ་པས་ལྷུན་གྲུབ་ལྷ་རྩེར་ཕེབས་ཉིན། ས་སྐྱོང་ཆེན་པོ་རིན་ཆེན་བཀྲ་ཤིས་པ་དཔོན་གཡོག་སྤྱན་འདྲེན་ལ་ཕེབས་སྐུ་ངལ་བསོ་བ་གནང། སླར་མཆོད་ཡོན་ལྷན་དུ་རྒྱལ་ཆེན་གླིང་དུ་བཞུགས་པའི་གསུང་ཆོས་ཀྱི་རྣམ་གྲངས་མང་དུ་གསུང། དེའི་ཕྱི་ལོ་ལྕགས་ཕོ་སྤྲེའུ་ལོ་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ལ་དཔལ་འབྱོར་རབ་བརྟན་དུ་སྤྱན་དྲངས། དཔལ་བྱམས་པ་གླིང་པ་གཉིས་པ་ཐུ་བཙུན་ངག་དབང་བསོད་ནམས་རྣམ་རྒྱལ་དབང་པོའི་སྡེ་དཔོན་སློབ་ལ་འདུལ་བ་ལུང་སྡེ་བཞི། གཉག་དབོན་རིན་པོ་ཆེའི་གསུང་མཆན་ཡོད་པའི་ལུང། བཤད་པ། མདོ་རྩ་བ་དང། མེ་ཏོག་ཕྲེང་རྒྱུད་ཀྱི་སྤྱི་ཊཱི་ཀ། བསླབ་བྱ་སོགས་དང། རྣམ་སྲས་ཞི་བ་གཙོ་འཁོར་གྱི་རྗེས་གནང། ཡང་གསང་མདུང་དམར་ཅན་གྱི་དབང། གཏོར་མ་ལ་བརྟེན་པ་བཀའ་བསྒོ་དང་བཅས་པ། ཞང་བློན་རྡོ་རྗེ་འདུད་འདུལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སོགས་གནང་ཞིང། མངོན་པ་མཛོད་སོགས་ཞུ་བའི་སྙན་གསན་ཀྱང་ཕུལ། དེ་ནས་དཔོན་སློབ་ལྷན་དུ་སྨོན་ལམ་ཆེན་མོ་ལ་ཕེབས་པའི་དགའ་སྟོན་ཕུན་སུམ་ཚོགས་པ་ནས། སླར་རྒྱལ་ཆེན་གླིང་དུ་དབྱར་ཆོས་སུ་འདུལ་བ་བདུད་རྩི་ཉིང་ཁུའི་སྟེང་ནས་བསླབ་བྱ་རྒྱས་པ་གནང། མི་དབང་ཞལ་ངོ་རྣམས་ལ་ཚེ་དབང་རྟ་མགྲིན་