R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༩བ-༣༤༨
[A:༧༩བ-༣༤༨] གནང་བའི་ཚེ་ཁྲིད། དབང་མདོར་བསྟན་གྱི་འགྲེལ་པ་ནཱ་རོ་པས་མཛད་པ་དོན་དམ་བསྡུས་པ། སྤྱན་རས་གཟིགས་ཀྱིས་མཛད་པའི་དོན་དམ་བསྙེན་པ། འཇམ་དཔལ་གྱིས་ལྟ་བའི་འདོད་པ་མདོར་བསྟན། དཔེ་མེད་མཚོའི་སྦྱོར་དྲུག། དེའི་འགྲེལ་བ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། གྲུབ་ཆེན་ཡུ་མོས་མཛད་པའི་སྟོང་ཉིད་གསལ་སྒྲོན། འོད་གསལ་གསལ་སྒྲོན། ཕྱག་ཆེན་གསལ་སྒྲོན་ཞུང་འཇུག་གསལ་སྒྲོན་ཏེ། གསལ་སྒྲོན་བཞིར་གྲགས་པ་རྣམས་ཀྱི་ལུང། རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོ་ལྷ་བཅོ་ལྔའི་དབང། དེའི་མངོན་དཀྱིལ། མཁས་པ་བྱང་གྲགས་པས་མཛད་པའི་ལུང། བདེ་མཆོག་ལཱུ་ཡི་པའི་དབང། བེར་ནག་ཅན་ཡབ་ཡུམ་ཞལ་སྦྱོར་མངོན་སྤྱོད་ལ་བརྟེན་པ། བེར་ནག་ཅན་གྱི་ལོ་རྒྱུས་གསལ་བའི་སྒྲོན་མེ། སྨིན་བྱེད་དབང་གི་ཆོ་ག། མགོན་པོ་ལྕགས་པར་མའི་བསྙེན་སྒྲུབ་ལས་སྦྱོར་ཌོམྦི་ཧེ་རུ་ཀས་མཛད་པ། མགོན་པོའི་བསྙེན་སྒྲུབ་ལས་གསུམ་གྱི་ཞལ་གདམས་མལ་གྱོ་ལོ་ཙཱས་མཛད་པ། མགོན་པོའི་བདག་སྒོམ་དང་བསྙེན་པའི་མན་ངག། མ་མགོན་ཞལ་སྦྱོར་དུ་སྒྲུབ་པའི་ཐབས། གྲུབ་ཆེན་ཀརྨ་པས་མཛད་པ་རྣམས་དང། གཞན་ཡང་བསྟོད་ཚོགས་སྐོར། ཐུབ་པའི་དབང་པོ་ལ་བསྟོད་པ་རིན་པོ་ཆེའི་འཁྲི་ཤིང། སངས་རྒྱས་ལ་བསྟོད་པ་དད་པའི་རྦ་རླབས། རྡོ་རྗེ་གདན་གྱི་བྱང་