R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༩ན-༣༤༧
[A:༧༩ན-༣༤༧] ༄༅། །ལྷ་བཅོ་ལྔ་མ། ལྷ་བདུན་མ། ལྷ་ལྔ་མའི་བྱིན་རླབས་ཏེ། ཡབ་བཀའ་གསུམ། ཡུམ་བཀའ་གསུམ་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་སྨིན་པར་མཛད་དེ། ཞབས་དྲུང་ཕྱག་ཕྱིར། སྣར་ཐང་མཁན་ཆེན་པ། འབྲི་ཁུང་དབོན་རིན་པོ་ཆེ། ཆོས་རྗེ་ཀུན་བཟངས་རྩེ་པ་སོགས་དཔོན་སློབ་ཐོགས་ཤིག་ལ། རྣལ་འབྱོར་མའི་ལོ་རྒྱུས། ཏེ་ལོ་པའི་ལོ་རྒྱུས། ནཱ་རོ་པའི་ལོ་རྒྱུས་སོགས་ནས་བརྩམས་ཏེ་ཡོངས་སུ་རྫོགས་པར་སྣང་གནང་། དེ་རྗེས་ཕྱག་ཕྱིར། སྣར་ཐང་མཁན་ཆེན་པ། བླ་མ་དགེ་འདུན་བཟང་པོ་སོགས་ལ། དམ་པའི་ཆོས་འདུལ་བ་ལུང་ལ། སོ་ཐར་རྣམ་གཉིས། རྣམ་འབྱེད་རྣམ་གཉིས། ལུང་བཞི། ཕྲན་ཚེགས་གཞུང་བླ་མའི་དམ་པ་སྟེ་ལུང་སྡེ་བཞི་རྣམས་ལ་ཤློཀ་སྟོང་ཕྲག་བཞི་དང་བརྒྱད་བརྒྱ་རྣམས་བཞུགས་པའི་པོ་ཏི་བཅུ་གཉིས་ཀྱི་ལུང་དང་གསུང་ཆོས་མཐའ་ཡས་པ་ཕུལ། དུས་དེར་རྗེ་བཙུན་ཐམས་ཅད་མཁྱེན་པའི་ཞབས་དྲུང་དུའང་རྗེ་ཉིད་ཀྱི་གསུང་ཆོས་གསན་པ་ལ། རྫོགས་རིམ་རླུང་སེམས་དབྱེར་མེད། ཚེ་དཔག་མེད་ལྷ་དགུ་མ་ལ་བརྟེན་པའི་ཚེ་དབང། ཚེ་ཁྲིད། རྟོགས་ལྡན་རིན་པོ་ཆེ་གྲགས་པ་སེང་གེ་ནས་བརྒྱུད་པའི་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད། ཨེ་ཝཾ་ཐམས་ཅད་མཁྱེན་པས་གསོལ་བ་བཏབ་པའི་ངོར། རྗེ་ཉིད་ཀྱིས་མཛད་པའི་ཁྲིད་ཡིག་གི་ལུང་ཁྲིད། ནཱ་རོ་ཆོས་དྲུག་གི་ལུང་ཁྲིད། སྒྲོལ་མ་དཀར་མོས་རྗེ་རོལ་པའི་རྡོ་རྗེ་ལ་དངོས་སུ་