R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༨བ-༣༤༦
[A:༧༨བ-༣༤༦] རྡོ་རྗེ་གདན་དུ་ཕེབས་པའི། ཆོས་ཀྱི་རྒྱལ་པོ་ལྷ་དབང་ཀུན་དགའ་བ་སོགས་དོན་གཉེར་རྣམས་ལ་གསུང་ཆོས་རྣམ་གྲངས་མང་བ་དང། ཆོས་ཀྱི་རྒྱལ་པོ་དེ་ཉིད་ལ། ཚེ་དབང་རྟ་མགྲིན། གུར་ཞལ་གྱི་བསྟོད་འབུམ་སོགས་དང། ཆོས་སྡེ་བ་རྣམས་ལའང་མང་ཇ། གདུང་ཁང་དྲུང་དུ་བརྟེན་ཁེབས། གཞན་ཡང་རྟེན་སོ་སོ་ལ་སྙན་དར་སོགས་ཕུལ། དུས་དེར་ཐམས་ཅད་མཁྱེན་པ་སྤྱན་སྔ་རིན་པོ་ཆེ་དཔོན་སློབ་ཕེབས་པ་ཞག་པ་རྒྱ་ལེར་གནང་། ཆུ་བོ་རིའི་ལྕགས་ཟམ་གྲུ་ཚུགས་ལ་ཐེགས་པའི་དཀར་གྲོང་དུ་གསུམ་བཅག་བཞུགས། དེ་ཉིན་རྗེ་དྲུང་འདི་ཉིད་སྨྱུག་ལ་པཎ་ཆེན་གྱིས་སྤྱན་དྲངས་ཏེ། སྐུ་ཚེ་བསྲིང་བའི་རྟེན་འབྲེལ་གྲུབ་རྒྱལ་མ་ལྷ་མངས་དང། རྟ་མགྲིན་ལྕགས་རལ་ཅན་གྱི་རྗེས་གནང། རྣམ་ཐོས་སྲས་ཡང་གསང་མདུང་མར་ཅན་གྱི་དབང་དང་བཅས་པ་པཎ་ཆེན་དྲུང་དང་ཞལ་ངོ་ཚོར་གནང། དྲུང་སྐོར་བྱིན་ལ་ཚེ་དབང་རྟན་མགྲིན། སུམ་པ་ལོ་ཙ་བའི་བློ་སྦྱོང་སོགས་གནང། དེ་ནས་ཕྱིར་དཀར་གྲོངས་སུ་ཕེབས་པའི། དཔོན་སློབ་ལྷན་ཅིག་བཟད་ཕུ་ལ་བསྒགས་སུ་བཏེག། ཚེས་གཅིག་གི་ཉིན་ཡངས་པ་ཅན་དུ་ཕེབས་པའི། ཞལ་སྔ་ནས་ལ། བདེ་མཆོག་སྙན་བརྒྱུད་ཀྱི་ཆོས་སྐོར་ཕུལ་བ་ལ། བརྒྱུད་པ་ཡིད་བཞིན་ནོར་བུ། རྨི་སྨིན་ལམ་ཡིད་བཞིན་ནོར་བུ། གྲོལ་ལམ་ཡིད་བཞིན་ནོར་བུ་རྣམས་ལས། དང་པོར་བདེ་མཆོག་ལྷ་དྲུག་བཅུ་རྩ་གཉིས། ཕག་མོ་